རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་པེ་ཅིན་དུ་བསྡུ་རྒྱུ་ཐག་བཅད།
2020.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 112

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། 

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བཅའ་ཁྲིམས་དང་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས། ཉེས་ཁྲིམས་བཟོ་བཅོས་འཆར་ཟིན། གསར་དུ་བཟོ་བཅོས་བྱས་པའི་རྒྱལ་སྲུང་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བློ་མཐུན་པཱ་ཐིར་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བླངས་ནས། བློ་མཐུན་ཁྲིན་ཞའོ་ཅང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་བསྐོ་འཇོག་བྱེད་རྒྱུདང་། བློ་མཐུན་ཧན་ཁྲང་པིན་གྱི་ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་འགན་བླངས་ནས། ཐང་རིན་ཅན་ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱེད་རྒྱུ། བློ་མཐུན་ཀྲུང་ཧྲན་གྱི་ཚོང་ལས་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ནས་དེའི་ཚབ་ཏུ་བློ་མཐུན་ཝང་ཝུན་ཐའོ་འཇོག་རྒྱུ་བཅས་ཀྱི་ཐག་བཅད།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུའི་གྲོས་གཞི་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་རིམ་ཆོས་ཉིད་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུའི་གྲོས་གཞི། གོང་གསལ་བཟོ་བཅོས་འཆར་ཟིན་གཉིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུ་བཅས་ཀྱི་ཐག་བཅད་པ་མ་ཟད། ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་གསལ་བཤད་བྱེད་རྒྱུའི་མངག་བཅོལ་བྱས།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་གཏན་འབེབས་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཤེས་བྱའི་ཐོན་དབང་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་བསྡུ་རྒྱུའི་སྐོར་ལ་གྲོས་འཆམ་བྱུང་། ཐག་གཅོད་ལྟར་ན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་པེ་ཅིན་དུ་བསྡུ་རྒྱུ་རེད།

གྲོས་ཚོགས་ལས་འབྲེལ་ཡོད་བརྡས་ཐག་གཅོད་པའི་གྲོས་རིམ་ཡོད་ཚད་ཚར་བ་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། འདས་པའི་ལོ་གཅིག་གི་ནང་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་དཀྱིལ་སྙིང་དུ་བཟུང་ནས་ཁྲིམས་ལྟར་འགན་ནུས་གཙང་སྒྲུབ་དང་། རང་རྟོགས་སྒོས་འགན་འཁྲི་ཕྲག་སྟེང་དུ་འཁུར་བ། ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ། ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་བསྡུས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་བཅས་ལ་འབད་མཐར། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། དམངས་ཆེན་བྱ་བ་ཐོག་མཐའ་བར་གསུམ་ཀུན་ཏུ་ཡང་དག་པའི་ཕྱོགས་སུ་འཕེལ་བར་འགན་ལེན་བྱས་ཡོད་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།