ཟླ་དང་པོའི་ཚེས་བརྒྱད་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་སོང་ནས། ས་གནས་དེ་གའི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་སློབ་སྦྱོང་མཐར་ཕྱིན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོ་ནས་སྐབས་བརྗེ་འདེམས་བསྐོ་བྱ་བར་རྩ་འཛུགས་གང་ལེགས་བྱས་མཐར། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་རྩ་འཛུགས་ཀྱི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས།
དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་ལས་དོན་ནི་གཞི་རིམ་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། དེ་ནི་ཏང་གི་སྲིད་འཛིན་གཞི་རྩ་དང་ཐད་ཀར་འབྲེལ་ཡོད་ཅིང་ཏང་གི་ལམ་ཕྱོགས་སྲིད་ཇུས་དངོས་འབེབས་དང་འབྲེལ་བ་ངེས་ཅན་ཡོད་པར་མ་ཟད། མི་དམངས་མང་ཚོགས་ཀྱི་རང་སྟེང་གི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད། ཁྱད་འཕགས་གསུམ་དང་སྟོབས་ལྡན་གསུམ། ཉམས་སད་ཐེག་ཐུབ་པ་གསུམ་བཅས་ཀྱི་དམིགས་འབེན་དཀྱིལ་སྙིང་དུ་བཟུང་ནས། སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་པོ་འདེམས་དགོས།
ལོ་ཙཱ་བ། བན་དེ་སྐྱབས།