རིན་ཆེན་རྣམ་རྒྱལ་གྱིས་ཞུན་ཧྭ་རྫོང་གི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དང་པོའི་ཚེས་ལྔ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་འབྲེལ་འདྲིས་བྱེད་ཡུལ་ཏེ་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཆིན་ཧྥེ་ཡུལ་ཚོའི་ཞ་ཀྲོང་སྡེ་བ་དང་ཧྲི་ཞང་སྡེ་བར་སོང་ནས། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

རིན་ཆེན་རྣམ་རྒྱལ་གྱིས་ཞུན་ཧྭ་རྫོང་གིས་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཁྱད་ཆོས་མངོན་གསལ་ལ་ཁས་ལེན་བྱས། ཁོས་བཤད་དོན། ཞུན་ཧྭ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཅིག་གྱུར་བཀོད་འདོམས་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་གང་ལེགས་བྱས་ཏེ། ལངས་གནས་ཇེ་བརྟན་དུ་བཏང་ཞིང་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། འགན་འཁྲི་དང་ལེན་དང་བྱེད་ཐབས་འཐུས་ཚང་དུ་བཏང་ལ། གོ་རིམ་ཚད་ལྡན་དང་ཚད་གཞི་ཇེ་མཐོར་བཏང་བ་དང་།  སྤུས་ཚད་མཐོ་བའི་སྒོ་ནས་རྫོང་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་སྐབས་བརྗེ་་འདེམ་བསྐོ་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཁྱོན་ཡོངས་ནས་དབུལ་ཐར་དང་འབྲེལ་མཐུན་བྱེད་པར་སྐུལ་འདེད་བཏང་ནས་ཞང་སྡེ་དར་སྤེལ་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

རིན་ཆེན་རྣམ་རྒྱལ་གྱིས་བསྟན་དོན། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་བྱ་བ་ནི་རང་ཞིང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། རྒྱུན་མཐུད་སྒོས་སྡེ་བ་རིམ་པའི་རྩ་འཛུགས་སྐབས་བརྗེ་དེ་དེང་སྐབས་ཀྱི་ལས་འགན་གལ་ཆེན་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། འགོ་ཁྲིད་ལ་ཤུགས་སྣོན་དང་བྱེད་ཐབས་ཞིབ་ཕྲ་གཏན་འཁེལ་བྱེད་པ་དང་། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོ་བྱ་བ་ཡོངས་འགྲུབ་བྱེད་དགོས།

ལོ་ཙཱ་བ། བཀྲ་ཤིས་འབུམ།