ཝུའུ་ཧེ་ཁུན་གྱིས་ཧི་ནན་རྫོང་གི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དང་པོའི་ཚེས་དྲུག་ཉིན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཀྱུ་རིམ་སྡེ་བ་དང་མཐོ་ཡེ་མ་ཡུལ་ཚོ་མཐོ་ཡེ་མ་སྡེ་བར་སོང་ནས་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།    ཞིང་སྡེ་དར་རྒྱས་བྱ་བར་རྟོག་ཞིབ་བྱས་ལ།   ཏང་ཡོན་རྒན་པ་དང་སྡེ་བའི་ལས་འགན་ཁུར་མཚམས་བཞག་པའི་ལས་བྱེད་པར་འཚམས་འདྲི་བྱས།

ཝུའུ་ཧེ་ཁུན་གྱིས་གཟབ་ནན་གྱིས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་།   རྒྱུ་ཆར་ལྟ་ཀློག་བྱས་པར་མ་ཟད།   གསར་དུ་བདམས་ཐོན་བྱུང་བའི་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་ཁོངས་མི་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བརྗེ་རེས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   ཁོས་ནན་གྱིས་བསྟན་དོན།  ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་དང་།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་གསར་རྙིང་གཉིས་ཀྱི་རྩིས་སྤྲོད་བྱ་བ་བཟང་བོར་བསྒྲུབ་དགོས།   བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་བཏང་སྟེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཕུལ་བྱུང་འགོ་ཁྲིད་པ་འདེམས་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས།   ཆབ་སྲིད་ཀྱི་སྤུས་ཚད་མཐོ་བ་དང་མང་ཚོགས་ཀྱི་རྨང་གཞི་བཟང་བ་།   ཞབས་ཞུའི་འདུ་ཤེས་དྲག་པ།   བྱ་བའི་སྤྱོད་ཚུལ་བཟང་བའི་བློ་མཐུན་གདམ་དགོས།   རྩ་འཛུགས་འགོ་ཁྲིད་ལ་མུ་མཐུད་ཤུགས་བསྣན་ནས་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་།   རིགས་སོ་སོའི་བྱ་བའི་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱས་ཏེ་རྫོང་དང་ཡུལ་ཚོའི་སྐབས་བརྗེ་འདེམས་བསྐོ་བྱ་བར་རྨང་གཞི་བཟང་བོ་འདིང་དགོས།    སྐབས་བརྗེ་བྱ་བའི་ལམ་ལུགས་གཏན་ཁེལ་སོ་སོ་ལག་བསྟར་ནན་མོ་བྱས་ཏེ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་བྱ་བ་བཟང་བོར་བསྒྲུབ་པར་འགན་སྲུང་དང་།   ལས་འགན་ཁུར་མཚམས་བཞག་པའི་ལས་བྱེད་པའི་སེམས་ཁྲལ་ཐག་གཅོད་བྱེད་དགོས།   བརྒྱུད་བསྒྲགས་དང་རོགས་སྐྱོར།   སྣེ་ཁྲིད།   གསོ་སྦྱོང་བཅས་དམ་འཛིན་བྱས་ཏེ།   བློ་མཐུན་རྒན་པའི་བརྒྱུད་སྒྲོག་དང་རོགས་སྐྱོར།   སྣེ་ཁྲིད་བཅས་ཀྱི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་དགོས་པ་དང་།   ལས་སྒོའི་གསོ་སྦྱོང་ལ་ཤུགས་བསྣན་ནས་གཞོན་རབས་ལས་བྱེད་པ་རྣམས་མགྱོགས་མྱུར་ངང་འཚར་ལོངས་འབྱུང་བ་དང་ཤེས་ལྡན་པར་འགྱུར་བར་བྱེད་དགོས།   ཉེན་ཁ་འགོག་སྲུང་ལ་མཐོང་ཆེན་དང་སྐབས་བསྟུན་དོ་དམ་ལ་ཤུགས་སྣོན་པ།    སྐབས་བརྗེ་གོ་རིམ་ཁྲོད་ཀྱི་ཐོལ་བྱུང་དོན་རྐྱེན་ནུས་ཡོད་སྒོས་ཐག་གཅོད་བྱས་ཏེ་སྐབས་བརྗེ་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

                                                                                                                                 ལོ་ཙཱ་བ་ལྷ་མོ་ཚེ་རིང་།