ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་ཤིས་ཚིག་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་མཚོ་སྔོན་གྱི་དངོས་འབེབས་དོན་འཁྱོལ་བྱེད་ཕྱོགས་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་བསྡུས་པའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་དུས་རབས་གསར་པར་རྐང་ཚུགས་པ་དང་དུས་རིམ་གསར་པ་ཁོང་དུ་ཆུད་པ། འདུ་ཤེས་གསར་པ་དངོས་འབེབས། ཆགས་སྟངས་གསར་པ་འཛུགས་སྒྲུབ་བཅས་བྱས་པས། དེ་ནི་སྤུས་ཚད་མཐོ་བའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཤིག་དང་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་བསམ་བློ་སློབ་གསོའི་གྲོས་ཚོགས་ཤིག་ཡིན་ལ། དེས་ཏང་ཡོངས་ལ་མིག་དཔེ་བསྟན་པ་དང་ཚད་ཤིང་བཟོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་ཏང་འཛུགས་བྱ་བར་ཤུགས་སྣོན་པའི་བསྲུང་བྱ་གལ་ཆེན་ཡིན་ལ། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསམ་བློའི་སྣེ་འདོམས་ཀྱང་ཡིན། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྲོག་ཤིང་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ཡིན་ལ། དུས་རྣམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོ་རུ་སྒྲེང་རྒྱུ་ཡིན། ཆབ་སྲིད་ནུས་པ་ཇེ་ཆེར་གཏོང་བའི་གནད་འགག་ནི་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་སུ་བཏང་ནས། འགན་འཁྲིའི་འདུ་ཤེས་སེམས་སུ་གསལ་ཞིང་འགན་འཁྲི་ལུས་དང་མི་འབྲལ་བ། འགན་སྒྲུབ་ལག་ལེན་དང་མ་བྲལ་བ་བཅས་ཡོང་བར་འབད་དགོས་ལ། མི་དམངས་ཀྱི་བརྩེ་སེམས་སྲུང་བའི་གནད་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་རྒྱུ་དང་། བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་ལ་རྒྱལ་ཁ་ཕུ་ཐག་བཅད་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་རྒྱུ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱས་ཏེ་ནང་དོན་ཡིད་ལ་འཇགས་པར་བྱེད་པ་དང་དམིགས་འབེན་ཚད་བསྡུར་བྱེད་པ། རིམ་བགྲོད་དཔེ་ལྟ་བཅས་བྱས་ནས། ཆབ་སྲིད་རང་རྟོགས་ཀྱིས་བསམ་བློའི་རང་རྟོགས་དང་ལག་ལེན་རང་རྟོགས་ལ་གཅིག་གྱུར་སྣེ་འདོམས་བྱེད་རྒྱུ་དང་། དུས་རྣམ་ཀུན་ཏུ་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་ཆོས་ཉིད། ཆབ་སྲིད་བགྲོད་ལམ་བཅས་ཀྱི་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། མཚོ་སྔོན་གྱི་ཏང་འཛུགས་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལས་དོན་དམ་པོར་འཛིན་དགོས། ཆབ་སྲིད་ནུས་པས་ཏང་འཛུགས་ནུས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནུས་པར་གཅིག་གྱུར་སྣེ་འདོམས་བྱས་ཏེ། དུས་རྣམ་ཀུན་ཏུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཛུབ་སྟོན་སྣེ་འདོམས་ལྟར་འབད་པས་མདུན་སྐྱོད་བྱས་མཐར། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་ཞིག་རྩོམ་པར་འགན་ལེན་དང་གྲུབ་འབྲས་ཕུལ་དུ་བྱུང་བའི་སྒོ་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་དགོས། མི་དམངས་ཀྱི་བསམ་ཚུལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བརྩེ་སེམས་དང་གསར་བརྗེའི་བརྩེ་དྲོད་ལ་གཅིག་གྱུར་སྣེ་འདོམས་བྱེད་རྒྱུ་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བའི་བླ་མེད་ཐུགས་དགོངས་བཅངས་ཏེ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློའི་ལག་ལེན་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་བར་མ་ཆད་པའི་ངང་ཇེ་དྲག་ཏུ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སྤྱི་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཇེ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་ཁྱོན་ཡོངས་ནས་གྲོང་གསེབ་བསྐྱར་དར་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཅས་ཀྱི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་ཅིང་། དེ་ནི་འཕེལ་རྒྱས་གསར་པའི་དུས་རིམ་གྱི་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པའི་ལག་ལེན་གྱི་རྩ་འཛིན་དང་གཞི་འཛིན་ས་ཡིན། ཆབ་སྲིད་བརྩི་བའི་མཐོ་ཚད་ནས་དུས་རྣམ་ཀུན་ཏུ་ཏང་གི་དུས་རབས་གསར་པའི་ཞིང་གསུམ་བྱ་བའི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཞིང་གསུམ་བྱ་བའིཡིད་རྟོན་ཆོད་སེམས་དང་འོས་འགན་འགན་འཁྲི་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་རྒྱུ་དང་། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་དུ་སྦྲེལ་བ། ཞིང་ལས་སྤུས་ཚད་མཐོ་ཞིང་ཕན་འབྲས་མཐོ་བ་དང་གྲོང་གསེབ་ཀྱི་བདེ་སྡོད་ལས་སྐྲུན། ཞིང་སྡེ་འབྱོར་ཕྱུག་ཅན་དུ་བསྒྱུར་བ་བཅས་ཀྱི་ཐད་སྟོབས་ཤུགས་བསྡུ་རུབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་ཀྱི་དོན་ཆེན་གཉིས་དམིགས་སུ་འཛིན་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་ཀུན་ཏུ་རྒྱས་པར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས། ཁྱོན་ཡོངས་དང་མ་ལག་དང་ལྡན་པའི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི། ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་བྱས་རྗེས་ལ་སྤྱི་སྡོམ་གནད་སྨིན་བྱས་པར་བརྟེན། དེ་ནི་ད་ཡོད་ཀྱི་བཅོས་སྒྱུར་ལག་ལེན་གྱི་བཙོ་སྦྱངས་གལ་ཆེན་ཞིག་དང་མ་འོངས་པའི་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ནད་བརྟག་སྣེ་འདོམས་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་ཡིན་པས། ལག་ལེན་སྨྲ་བ་དང་ཐབས་ལམ་སྨྲ་བའི་གཅིག་བསྡུས་ཀྱི་རང་བཞིན་མངོན་པར་མཚོན། ལག་ལེན་སྨྲ་བ་རྒྱུན་འཁྱོངས་དང་ཐབས་ལམ་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ་ལ་ཅིས་ཀྱང་བཅོས་སྒྱུར་གནད་འགག་ཏུ་འཛིན་དགོས་པ་དང་། བཅོས་སྒྱུར་ལས་རིམ་སོ་སོར་བསེད་བསལ་འདོར་ལེན་གང་ལེགས་བྱེད་པ། དངོས་ཡོད་གནད་དོན་ཐག་གཅོད་ཡང་དག་བྱེད་པ་བཅས་ལ་འབད་དེ། ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལས་དོན་ལ་བརྟེན་ནས་མཚོ་སྔོན་གྱི་ལས་རིམ་སོ་སོ་འཕེལ་རྒྱས་སུ་གཏོང་དགོས།

ལོ་ཙཱ་བ། བན་དེ་སྐྱབས།