ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་མཇུག་སྒྲིལ་བ་དང་། ཝང་ཧུའུ་ཉིང་མཇུག་བསྒྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད་སྤྱི་སྡོམ་གཏམ་བཤད་གནང་།
2021.01.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 37

ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་14ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ནང་མཇུག་སྒྲིལ་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ།

ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་14ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ནང་མཇུག་སྒྲིལ་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ།

ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྲ་བརྟན་དུ་གཏོང་བ།  སྲུང་སྐྱོབ་བྱེད་དགོས་པ་གཉིས་ལེགས་པོར་བསྒྲུབ་ནས།  འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆབ་སྲིད་ཀྱི་ནུས་པ་དང་། འཐབ་ཇུས་ཀྱི་ལྟ་བ། ཆེད་ལས་ཀྱི་ཆུ་ཚད་བཅས་ཆེ་རུ་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་དགོས།

བགྲོ་གླེང་འཛིན་གྲྭའི་སྐབས་སུ། སློབ་མ་ཡོངས་ཀྱིས་སློབ་སྦྱོང་ནན་ཏན་དང་བགྲོ་གླེང་ནན་ཏན་བྱས་ཤིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་ནས་བྱ་བ་ཡག་པོ་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་ཡོད། སློབ་སྦྱོང་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་བགྲོ་གླེང་འཛིན་གྲྭའི་འཐུས་མི་བཅུ་ཡིས་གཏམ་བཤད་ནས་སློབ་སྦྱོང་གི་གྲུབ་འབྲས་སྙན་ཞུ་ཕུལ།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པར་ངེས་པར་དུ་སྔར་ལས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་དགོས་པ་གཉིས་ལེགས་པོར་བསྒྲུབ་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་བ་ལེན་པའི་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱ་རྒྱུ་དང་འབྲེལ་མཐུད་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་གཞི་འཛིན་ས་དང་དམིགས་ཚད་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་ཤུགས་རྒྱག་ས་དང་ཚད་བརྒལ་བྱེད་ས་འཚོལ་ཞིབ་ཡང་དག་ཐུབ་པ་བྱེད་དགོས། སྔར་ལས་ཏན་ཏིག་གི་སྤྱོད་ཚུལ་ལ་བརྟེན་ནས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དམ་འཛིན་ལེགས་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས།

ཁྲིན་ཞི་ཡིས་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོར་འགོ་འཛིན་བྱས་ཤིང་། ཏིན་ཞོད་ཞང་དང་དབྱང་ཞའོ་ཏུའུ། ཀའོ་ཧྲིན་ཁོན། ཧོང་ཁོན་མེན། ཡུག་ཆོན་བཅས་མཛད་སྒོར་ཞུགས།

ལོ་ཙཱ་བ། ཤ་བོ་གསེར་མཚོ།