ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ལ་འགོ་འཛིན་བྱས།
2021.01.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 93


སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་བརྒྱད་པ་ཚེས་བཅུ་བཞི་ཉིན་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་བརྒྱད་པ་ཚེས་བཅུ་བཞི་ཉིན་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མི་དམངས་སྲིད་གྲོས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཝང་དབྱང་གིས་བསྟན་དོན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ལོ་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་བྱ་བའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནངས་པ་དེས་མི་དམངས་སྲིད་གྲོས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཕྱིན་ཆད་ཀྱི་བྱ་བ་སོ་སོ་སྔར་ལས་ལེགས་པོ་བསྒྲུབ་པར་ཚན་རིག་གི་ཁྲིད་སྟོན་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ནས་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ཏན་ཏིག་བྱ་དགོས།

ཚོགས་འདུ་ལས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་འཆར་ཟིན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གོང་གསལ་འཆར་ཟིན་དེ་དག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གྲ་སྒྲིག་དང་སྒྲིག་འཛུགས་ཡག་པོ་བྱ་རྒྱུ་དེ་མིག་སྔའི་བྱ་བའི་ལས་འགན་གལ་ཆེན་དུ་བརྩི་དགོས།  ཁ་ཕྱོགས་ཡང་དག་དང་དྲང་ནུས་གཅིག་སྒྲིལ། ལོ་ལྔའི་འཆར་འགོད་བཅུ་བཞི་པར་དམིགས་གཏོད་པ་བཅས་ཚོགས་འདུའི་གཙོ་གནད་དུ་བཟུང་ནས་རྒྱ་ཆེའི་ཨུ་ཡོན་རྣམས་ལ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་བྱེད་དགོས། དམངས་གཙོ་སྔར་ལས་དར་སྤེལ་བཏང་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཨུ་ཡོན་སྔར་ལས་མང་བར་གཏམ་བཤད་དང་བརྗེ་རེས་ཀྱི་གོ་སྐབས་ཐོབ་ཏུ་བཅུག་ནས་གང་བསམ་ལྷུག་བརྗོད་དང་དངོས་ཐོག་བདེན་འཚོལ་གྱི་ཚོགས་འདུའི་རྣམ་པ་ཧུར་ཐག་གིས་གཏོད་དགོས།  མཐུན་སྒྲིལ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཨུ་ཡོན་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་ཐུན་མོང་གི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཨུ་ཡོན་བརྒྱུད་ནས་རིགས་ཁོངས་ཀྱི་མང་ཚོགས་ལ་ཐུན་མོང་གི་ངོས་འཛིན་བརྒྱུད་སྤེལ་བྱས་ཏེ་སྔར་ལས་རྒྱ་ཁྱབ་ཀྱི་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཡག་པོ་སྤེལ་ནས་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་བྱས་རྗེས་གསར་པ་གང་ལེགས་སྒོས་མཚོན་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཉམས་འགྱུར། ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བཅས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་འཁྱེར་སོ་མཚོན་པར་བྱེད་དགོས། ཚོགས་སྲོལ་ལེགས་བཅོས་དང་ཧུར་བརྩོན་གྲོན་ཆུང་གིས་ཚོགས་འདུ་བསྡུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚོགས་འདུ་སྲོལ་བཟང་སྤྱོད་བཟང་དང་དངོས་གཉེར་ཕན་མཐོ་ཡོང་བར་ཁག་ཐེག་བྱེད་དགོས།

ཚོགས་འདུའི་སྟེང་ད་དུང་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་2021ལོའི་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི2020ལོའི་བྱ་བའི་སྙན་ཞུར་གསན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིས་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞི་བརྒྱུད་བསྒྲགས་དང་གསལ་བཤད། སྙན་ཞུ་ཕུལ་བ་རེད།

ལོ་ཙཱ་བ། ཤ་བོ་གསེར་མཚོ།