ཝང་དབྱང་རྒྱལ་ཡོངས་སྲིད་གྲོས་ཀྱི་དཔེ་ཀློག་ཉམས་མྱོང་བརྗེ་རེས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
2021.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་དཔེ་ཀློག་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཚེས་བཅུ་བཞི་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་དཔེ་ཀློག་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཚེས་བཅུ་བཞི་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། དཔེ་ཀློག་བྱ་འགུལ་སྤེལ་བ་ནི་ཨུ་ཡོན་གྱི་ཤེས་བྱའི་ཆུ་ཚད་མཐོ་རུ་འདེགས་པ་དང་རང་གི་གསོ་སྦྱོང་ལ་ཤུགས་སྣོན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། མཉམ་འབྲེལ་དྲ་བའི་འཕེལ་ཕྱོགས་དང་བསྟུན་ནས་གྲོས་མོལ་ནུས་པ་དང་འགན་སྒྲུབ་ཆུ་ཚད་མཐོ་རུ་འདེགས་པའི་གསར་གཏོད་དང་འཚོལ་ཞིབ་ཡིན་པས། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆོན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། དཔེ་ཀློག་སློབ་སྦྱོང་དེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་བྱ་བའི་ནང་དོན་དང་རྩ་བའི་ནུས་པར་བརྩིས་ཏེ། ཆོས་ཉིད་ངེས་པར་བྱེད་པ་དང་ཐབས་ལམ་གསར་གཏོད་བྱས་ནས། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་དོན་དག་འདི་ནན་མོ་དང་བཟང་པོར་བསྒྲུབ་སྟེ། སྔར་ལས་ལྷག་པར་གྲོས་མོལ་རིག་གནས་སྐྱེད་སྲིང་བྱེད་པ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ན་ནིང་གི་ཟླ་བཞི་པ་ནས་བཟུང་། ཨུ་ཡོན་གྱི་དཔེ་ཀློག་བྱ་འགུལ་ལ་ཞུགས་པའི་རྒྱ་ཇེ་ཆེར་སོང་བ་དང་། བྱ་འགུལ་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྣེ་ཁྲིད་པ་དང་ས་གནས་སྲིད་གྲོས་མཉམ་དུ་ཞུགས་པ། སྐུད་ཐོག་དང་སྐུད་འོག་ནས་མཐུན་སྦྱོར་གྱིས་སྤེལ་བ། དཔེ་ཀློག་དང་འགན་སྒྲུབ་ཟུང་དུ་སྦྲེལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོག་མར་ཆགས་ཡོད་ལ། རིག་དཔལ་དར་བའི་སྲིད་གྲོས་འཛུགས་སྐྲུན་བྱེད་པར་ཤེས་རྒྱ་བསྐྱེད་པ་དང་བློ་གྲོས་བསྐྱེད་པ། ནུས་པ་བསྐྱེད་པ་བཅས་ཀྱི་ཕན་འབྲས་ཐོན་ཡོད་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། དཔེ་ཀློག་བྱ་འགུལ་སྤེལ་སྐབས་གོམ་གང་མདུན་སྤོས་དང་ཡུན་རིང་འབད་བརྩོན་གྱིས་དཔེ་ཀློག་གི་བརྗོད་བྱ་གཏན་ཁེལ་ཞིབ་མོ་བྱེད་དགོས་པ་དང་། དྲ་བའི་ཁྱད་སྟོབས་འདོན་པ་དང་། ཁྲིད་སྟོན་གྱི་ནུས་པ་འདོན་པ། ཚོགས་པའི་ཁྲིད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། དཔེ་ཀློག་བྱ་འགུལ་བསྟུད་མར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། དཔེ་ཀློག་བྱ་འགུལ་ཁྲོད་ཕན་ཚུན་བརྗེ་རེས་ཀྱི་སྣང་ཚུལ་བསྐྲུན་ནས། གྲོས་སྡུར་ཁྲོད་དུ་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་དེ། ཨུ་ཡོན་གྱི་དཔེ་ཀློག་བྱ་འགུལ་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་གཏོང་དགོས། དཔེ་ཀློག་བྱ་འགུལ་གྱི་གྲུབ་འབྲས་བསྒྱུར་སྤོར་ལ་སྐུལ་འདེད་བཏང་ནས། རིག་དཔལ་དར་བའི་སྲིད་གྲོས་དང་རིག་དཔལ་དར་བའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཟེར།

ཕྱུག་ལོས་བསྒྱུར།