ཀྲང་ཀོང་རུང་གིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནས་གཏམ་བཤད།
2021.01.17 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་དང་ཞིང་ཆེན་དམངས་ཆེན་གྱི་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཅས་ཚོགས་འདུར་ཞུགས།

ཀྲང་ཀོང་རུང་གིས་བསྟན་དོན། འཐུས་མིས་གྲོས་གཞི་འདོན་རྒྱུ་ནི་འཐུས་མིའི་འགན་ནུས་ལག་བསྟར་བྱེད་པའི་རྣམ་པ་གལ་ཆེན་ཞིག་དང་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་མཚོན་པར་བྱེད་པ། རྒྱབ་སྐྱོར་བརྩོན་ལེན་བྱེད་པ་བཅས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་ཕྱོགས་ཁག་སོ་སོས་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་བ་དང་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན། སྔར་ལས་ལྷག་པའི་སྒོ་ནས་གྲོས་འདོན་རྒྱུ་ཆ་འཐུས་ཚང་དུ་གཏོང་བ་བཅས་ལ་འབད་དེ། གྲོས་གཞི་འདོན་པའི་ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།