ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་དང་ཚེས་བཅུ་བཞི་ཉིན་གཉིས་ལ། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་སྟེ་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
ཝང་ལིས་མེན་ན་གོར་མོ་གྲོང་ཁྱེར་གོ་ལེ་མུའུ་ཏི་གྲོང་རྡལ་གྱི་ཧུང་ལིག་སྡེ་བ་རུ་སོང་སྟེ་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་ཟད། སྡེ་བ་དང་གཞིས་ཁུལ་གྱི་ཏང་ཡོན་ལས་བྱེད་པར་བཞུགས་མོལ་དང་བསམ་བློ་བརྗེ་རེས་བྱས། ཁོས་བསྟན་དོན། ཐེངས་འདིའི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་ནི་འཁུར་ཡུན་ལོ་གསུམ་ནས་ལོ་ལྔ་ལ་ཇེ་རིང་དུ་བཏང་བའི་རྗེས་ཀྱི་སྐབས་བརྗེ་ཐོག་མ་ཡིན་པ་དང་། དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་ཁ་ལེན་པ། རྒྱུན་མཐུད་སྒོས་ཞང་སྡེ་དར་སྤེལ་ལག་བསྟར་བྱེད་པའི་གནད་འགག་དུས་སྐབས་སུ་དོན་སྙིང་གལ་ཆེན་ལྡན་པས། ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྒོ་ནས་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་དང་། ཧུར་ཐག་སྒོས་འགོ་ཁྲིད་ཚན་ཁག་བཟང་བོ་དང་ལས་བྱེད་པ་བཟང་བོ་ཞིག་གདམ་གསེས་བྱེད་དགོས་པར་མ་ཟད་རྣམ་པ་བཟང་བོ་དང་དར་སྲོལ་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ།