ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཆད་ཁྲིད་སྐབས་དང་པོའི་སྟེང་གཏམ་བཤད།
2021.01.21 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དང་པོའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་ཟུར་ཁྲིད་འཆད་ཁྲི་སྐབས་དང་པོའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་དགོངས་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས། དགོངས་གཞི་དེ་ཉིད་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་དང་དཀའ་ངལ་ཁྱད་གསོད་ཀྱི་བྱེད་ཕྱོགས་གསར་པར་བསྒྱུར་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ལས་གནས་སྟེང་དུ་ཡོད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་རྒྱུས་ཀྱི་གནས་བབ་དང་གཞུང་ལུགས་ཀྱི་གཞི་འཛིན་ས། ལོ་རྒྱུས་ཀྱི་གཞི་འཛིན་ས། དངོས་ཡོད་ཀྱི་གཞི་འཛིན་ས། དམིགས་འབེན་བླང་བྱ་བཅས་གནད་འགག་གི་ཐ་སྙད་ལྔ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཚུད་པའི་རྒྱས་བཤད་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། གཞི་རྩའི་ཆོས་ཉིད་དང་གནད་དོན་ཁྲིད་ཕྱོགས། ཉེན་ཚབས་ཀྱི་འདུ་ཤེས་བཅས་ཕྱོགས་གསུམ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་རྒྱས་བཤད་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། དོན་སྙིང་གལ་ཆེན་དང་ངོས་ཟིན་ཡང་དག་མིན་པ་འགོག་སྡོམ་བྱེད་པ། གནད་འགག་གི་འོས་འགན་དམ་པོར་འཛིན་པ། གཞི་རྩའི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་བཅས་ཕྱོགས་གཞི་རང་རྒྱུད་ལ་སྦྱར་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྒྲུབ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་མ་ནོར་བ་ལེན་དགོས།

ལོ་ཙཱ་བ། བན་དེ་སྐྱབས།