ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དང་ཧི་པེ་ཡི་བྱ་བར་གཟིགས་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་དེ་པེ་ཅིན་གྱི་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཡར་ཞུ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དང་ཧི་པེ་ཡི་བྱ་བར་གཟིགས་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་དེ་པེ་ཅིན་གྱི་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཡར་ཞུ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དང་ཧི་པེ་ཡི་བྱ་བར་གཟིགས་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་དེ་པེ་ཅིན་གྱི་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཡར་ཞུ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་བསྒྲུབ་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་བླངས་ཤིང་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་ལ་གཟི་བརྗིད་ལྡན་ལ་དོན་སྙིང་གལ་ཆེན་ལྡན། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྤྱད་བརྩོན་ལེན་བྱེད་པ་དང་ཡག་ཐོག་ཡག་བརྩེགས་དང་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས་བར་བྱེད་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་པ་དང་ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་བསྒྲུབ་རྒྱུ་དེ་གྲ་སྒྲིག་བྱ་བའི་བརྒྱུད་རིམ་ཡོངས་དང་མཉམ་བསྲེས་བྱེད་པ་དང་། སྟོབས་ཤུགས་གང་ཡོད་བཏོན་ནས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས་གཞན་དང་མི་མཚུངས་བའི་ཨོ་རྩལ་འགྲན་ཚོགས་ཤིག་བསྒྲུབ་དགོས་ཟེར།
ཞི་ཅིན་ཕིང་གིས་ལུས་རྩལ་པ་དང་རྩལ་ཁྲིད་པ་ཡོངས་དང་དེ་མིན་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་གྲ་སྒྲིག་བྱ་བར་ཞུགས་པའི་འཛུགས་སྐྲུན་མཁན་དང་དོ་དམ་མཁན། བྱ་བ་སྒྲུབ་མཁན་ཡོངས་ལ་བླ་མེད་གུས་འདུད་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཚང་མར་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཡར་ཞུའི་ཚོགས་འདུར་ཞུགས།
ཟླ་དང་པོའི་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ། ཞི་ཅིན་ཕིང་སོ་སོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི་དང་ཧྲི་ཀྲང་ཁྲིན་ཅི་ཉིང་། ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་ཧྥིན་དང་ལྷན་དུ་ཧེ་ཏེན་དང་ཡན་ཆིན། ཀྲང་ཅ་ཁུག་སོགས་ས་ཁུལ་ཕེབས་ཏེ་ལུས་རྩལ་ར་བ་དང་སྦྱོང་བརྡར་རྟེན་གཞི། འགྲིམ་འགྲུལ་གནས་ཚུལ་སོགས་ལ་གཟིགས་ཞིབ་གནང་བ་དང་། པེ་ཅིན་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད།
ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འགོ་འཛིན་མཛད་དེ་པེ་ཅིན་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཡར་ཞུ་ཚོགས་འདུ་བསྡུས། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི་དང་ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་ཧྥིན། ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀུག་ཀྲུང་ཝུན། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧེ་ཏིས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་པ་དང་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད་གོ་རིམ་རྗེས་མའི་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་མགོ་ལ་བསྒྲུབ་པའི་མཚོན་བྱེད་རང་བཞིན་གྱི་བྱ་འགུལ་གལ་ཆེན་ཞིག་ཡིན་པས། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ། དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ལྔའི་རིང་ལ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་འདོམས་འོག དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་དང་ཕྱོགས་སོ་སོས་མཉམ་ལས་བཟང་བོ་བྱས་པར་མ་ཟད་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་གཞོགས་འདེགས་དམ་པོ་བྱས་པ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ནས་ཧ་ཅང་ཡིད་ཚིམས་པའི་གྲུབ་འབྲས་བླངས་ཡོད། དགུན་ཁའི་ཨོ་རྩལ་འགྲན་ཚོགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས་དུས་ཐོག་ཏུ་གྲ་སྒྲིག་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་དགོས་པ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་འགན་འཁྲི་དང་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།
ཏེན་ཞའོ་ཞང་རྟོག་ཞིབ་དང་ཡར་ཞུའི་ཚོགས་འདུར་ཞུགས་ཤིང་། སུན་ཁྲུན་ལན་དང་ཧི་ལིས་ཧྥིན་གཉིས་ཀ་ཡར་ཞུའི་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ལོ་ཙཱ་བ། བཀྲ་ཤིས་འབུམ།