མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2021.01.21 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། གྲ་སྒྲིག་ཚན་ཁག་སོ་སོའི་གནས་ཚུལ་སྙན་ཞུར་ཉན་པ་དང་མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་ཚོགས་འདུར་འགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་མཐོང་ཆེན་བླ་མེད་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པ་ནས་བཟུང་གྲ་སྒྲིག་ལས་དོན་སྤེལ་བ་དང་། ཚད་གཞི་མཐོན་པོ་དང་གཟབ་ནན་གྱི་བླང་བྱ། བདེན་གཉེར་གྱི་བྱེད་ཕྱོགས་བཅས་དམ་པོར་བཟུང་ནས་ལས་རིམ་ཁག་སོ་སོའི་བྱ་བ་དངོས་འབེབས་བྱས་མཐར། དམངས་གཙོ་མཐུན་སྒྲིལ་དང་བདེན་འཚོལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་བསྡུ་བར་འགན་ལེན་བྱས།

ལོ་ཙཱ་བ། བན་དེ་སྐྱབས།