མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།
2021.01.23 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དང་པོའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས། ཚོགས་ཐོག་ནས2020ལོ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཁྲལ་བསྡུ་བྱ་བར་སྤྱི་སྡོམ་བྱས་པ་དང་། མིག་སྔའི་འཕེལ་རྒྱས་གནས་བབ་དབྱེ་ཞིབ་བྱས་ལ། འཕེལ་རྒྱས་གསར་བའི་དུས་རིམ་གྱི་མཚོ་སྔོན་གྱི་ཁྲལ་བསྡུ་བཅོས་བསྒྱུར་འཕེལ་རྒྱས་བསམ་ཕྱོགས་ལ་ཞིབ་འཇུག་བྱས་པ་མ་ཟད། 2021ལོའི་ཁྲལ་བསྡུ་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁྲལ་བསྡུ་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པར་འཚམས་འདྲི་དང་བཀའ་དྲིན་ཞུས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། འགན་འཁྲི་ལག་བསྟར་ནན་མོ་བྱས་ལ། དཀའ་སྤྱད་འབད་འཐབ་ཁྲོད་སྤུས་ཚད་མཐོན་པོས་ཁྲལ་འཕྲི་ཡོན་དཀྱོག་དང་ཡོང་སྒོར་རྩ་འཛུགས། ཁྲལ་བསྡུ་བཅོས་བསྒྱུར་སོགས་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཁྲིམས་སྲོལ་ལྟར་ཁྲལ་རིན་ཡོང་སྒོ་ལ་རྩ་འཛུགས་བྱེད་པ། ཁྲལ་འཕྲི་ཡོན་དཀྱོག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁྲལ་དོན་ཁྲིམས་འཛིན་རྣམ་པ་ལེགས་བསྒྱུར་བྱེད་པ། ཁྲལ་བསྡུ་ཞབས་ཞུའི་སྤུས་ཚད་གྲུབ་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། མཚོ་སྔོན་གྱི་ཁྲལ་བསྡུ་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། 2020ལོར། མཚོ་སྔོན་གྱི་ཁྲལ་བསྡུ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། ལས་ཐོན་སླར་གསོ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་རྒྱབ་སྐྱོར་བྱས་ལ། ཁྲལ་བསྡུ་ཡོང་སྒོའི་སྔོན་རྩིས་ཡོངས་འགྲུབ་བྱས་པ་དང་། ཁྲལ་བསྡུ་བཅོས་སྐྱོང་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་ལ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བསྣན་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བཟང་བོ་བླངས་ནས། སྤྱི་ཚོགས་གཏན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཁྲལ་དོན་སྟོབས་ཤུགས་ཕུལ།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བ་ཁྱོན་ཡོངས་ནས་འགོ་རྩོམ་པའི་ལོ་ཡིན། 2021ལོར་ཏང་གི་ཁྲལ་བསྡུ་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཁྲལ་དོན་བྱ་བ་བཟང་བོར་བསྒྲུབ་པ་དང་དཔུང་སྡེའི་སྣེ་ཁྲིད་པའི་སྤྱི་ཁོག་གི་དམིགས་འབེན་ལ་དམིགས་ནས། ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་མ་ལག་ཆེན་པོ་དྲུག་དང་ནུས་པ་ཆེན་པོ་དྲུག བྱེད་ཐབས་ཆེན་པོ་བཅུའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། ཏང་གི་འཛུགས་སྐྲུན་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། ཁྲལ་དོན་ཁྲིམས་འཛིན་བྱེད་སྟངས་སྔར་ལས་ཇེ་བཟང་དུ་གཏོང་བ། ཧུར་ཐག་གིས་ཁྲིམས་འཛིན་ཡང་དག་པ་དང་ཞབས་ཞུ་བཟང་བོ་ཞུ་བ། ལྟ་སྐུལ་དོ་དམ་བྱེད་པ། མཉམ་སྐྱོང་བྱེད་པའི་སྟེང་ལམ་བུ་གསར་བ་འཛུགས་པ། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བདེན་འཛིན་དངོས་གཉེར་བྱེད་པའི་གནད་འགག་ཆེན་པོ་གསུམ་དམ་འཛིན་བྱེད་པ། ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་སྲིད་འཛིན་པ། ཞབས་ཞུ་ལེགས་བསྒྱུར། ཁྲལ་བསྡུ་དོ་དམ། དཔུང་སྡེ་འཛུགས་སྐྲུན། བདེ་འཇགས་གཏན་འཇགས་བཅས་གཙོ་གནད་བྱ་བ་དྲུག་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་ཁྲལ་བསྡུ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བཏོད་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་འབུལ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།