ཀྲུང་གོའི་གཟི་བརྗིད་ལས་དོན་སྐུལ་འདེད་གྲོས་ཚོགས་ཀྱི་ཚོགས་ཞུགས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་དང་རྒྱལ་ཡོངས་རིམས་འགོག་དམངས་གཉེར་དཔལ་འབྱོར་གྱི་སྔོན་ཐོན་མི་སྒེར་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་བསྡུས།
2021.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གོ་གཟི་བརྗིད་ཚོགས་པའི་ཚོགས་ཞུགས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་དང་རྒྱལ་ཡོངས་རིམས་འགོག་དམངས་གཉེར་དཔལ་འབྱོར་གྱི་སྔོན་ཐོན་མི་སྒེར་གཟེངས་བསྟོད་ཚོགས་ཆེན་ཚེས་ཉེར་གཉིས་ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་ཞུགས་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས།

ཝང་དབྱང་གིས་གཟི་བརྗིད་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ཚུན་གྱི་ལས་རིམ་ཁག་སོ་སོའི་གྲུབ་འབྲས་ལ་ཁས་ལེན་བྱས་ཏེ། གཟེངས་བསྟོད་ཐོབ་པའི་རིམས་འགོག་དམངས་གཉེར་དཔལ་འབྱོར་གྱི་སྔོན་ཐོན་མི་སྒེར་བརྒྱ་ལ་རྟེན་འབྲེལ་ཞུས་ནས་བསྟན་དོན། གཟི་བརྗིད་ཚོགས་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་སྒོས་ཁེ་ལས་ཁྲི་སྟོང་གིས་སྡེ་བ་ཁྲི་སྟོང་ལ་རོགས་འདེགས་བྱེད་པའི་གནད་འཁེལ་དབུལ་སྐྱོར་ལས་དོན་ལ་རྩ་འཛུགས་བྱས་པ་དེས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པའི་ཐད་བྱེད་ནུས་གལ་ཆེན་འདོན་སྤྲོད་བྱས། རིམས་ནད་ལ་ཁ་གཏད་འཇལ་བར་རྒྱ་ཆེ་བའི་དམངས་གཉེར་ཁེ་ལས་ཀྱིས་ཐོན་སྐྱེད་རིམས་འགོག་གི་ཉེར་མཁོའི་དངོས་ཟོག་གི་དཀའ་ཁག་སེལ་ནས། མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་མཁོ་དངོས་འདོན་སྤྲོད་བྱས་པ་དང་ཞལ་འདེབས་གང་ལེགས་བརྒྱབ་མཐར། ལག་ལེན་དངོས་ལ་བརྟེན་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པར་བྱས།

ཧུའུ་ཁྲོན་ཧྭ་དང་དབྱིག་ཆོན་སོགས་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།