མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.01.26 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 55

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་ཟབ་མོ་བྱས་པ་དང་། ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་ལ། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ད་ལོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། གྲོས་ཚོགས་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བསམ་བློ་དྲིལ་སྒྲོག་བྱ་བར་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རུའེ་ཧྥིན་གྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་དང་ཀྲང་ལིས་གཉིས་ཀྱིས་སོ་སོར་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་བརྒྱུད་སྒྲོག་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། བསམ་བློ་དྲིལ་སྒྲོག་བྱ་བ་ནི་ཏང་གི་བྱ་བ་ཧ་ཅང་གལ་ཆེ་ཞིག་ཡིན། 2020ལོར་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་ཐད་ནས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ལ། སེམས་ཞིབ་མོས་འཆར་འགོད་བྱས་པ་དང་། རང་འགུལ་གྱི་འབད་འཐབ་བྱས་པས། གཡུལ་ས་གཙོ་བོ་བརྟན་སྲུང་བྱས་པ་དང་། དབྱངས་རྟ་གཙོ་བོ་བླངས་ལ། དྲང་ཕྱོགས་ཀྱི་ནུས་ཚད་དར་སྤེལ་བཏང་སྟེ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག ངས་འདི་ནས་བློ་མཐུན་རྣམས་ལ་བཀའ་དྲིན་དང་འཚམས་འདྲི་ཞུས་པ་ཡིན་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་ཡིན། བྱ་བའི་འགོ་བཟང་བོ་རྩོམ་ན། བསམ་བློ་གཅིག་གྱུར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་མི་སེམས་གཅིག་ཏུ་བསྡུས་པ་དང་བརྩོན་སེམས་ཆེར་སྐྱེད་པ། དུས་རབས་ལ་བསྔགས་བརྗོད་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལངས་གནས་བརྟན་པོས་ཆབ་སྲིད་གླེང་བ་དང་འབད་འཐབ་ཆེན་པོས་ལེའུ་གསར་བ་འབྲི་བ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྒྱུས་ལོན་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་རླབས་ཆེན་ལག་ལེན་ཁྲོད་གྲུབ་འབྲས་གསར་བ་ལེན་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཁྲིན་རུའེ་ཧྥིན་གྱིས། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་བསྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་ཚུལ་འགྲེམ་སྟོན་བྱེད་པའི་འགན་འཁྲི་ལས་འགན་ལ་དམ་དུ་དམིགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་རྩ་བར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་དེ་གཙོ་ཐིག་ཏུ་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་པ་དང་འཐབ་ལམ་གསར་བར་ཞུགས་རྒྱུ་དེ་བརྗོད་སྙིང་དུ་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་བདེན་འཛིན་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་སློབ་གསོ་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་དྲིལ་སྒྲོག་སློབ་གསོ་དམ་འཛིན་བྱེད་པ། འཐབ་ལམ་གསར་བ་འགོ་རྩོམ་པ་དང་རྣམ་པ་གསར་བ་བསྐྲུན་པའི་སྙིང་སྟོབས་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ། སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོར་འདེགས་གཏོང་བ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་གསར་བ་འགྲེམ་སྟོན་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་རང་འགུལ་གཡུལ་འགྱེད་སྤེལ་བ། བསམ་བློ་དྲིལ་སྒྲོག་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་བསམ་བློ་དྲིལ་སྒྲོག་བྱ་བའི་ཁྱད་ཆོས་འགྲེམ་སྟོན་བྱེད་པ། ཏང་གི་བསམ་བློ་དྲིལ་སྒྲོག་བྱ་བ་མཚོ་སྔོན་དུ་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། འཐབ་ལམ་གསར་བའི་ནང་འབད་འཐབ་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསམ་བློའི་འགན་སྲུང་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ཚན་ཆུང་བགོས་ནས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱི་གཏམ་བཤད་དང་མཚོ་སྔོན་ཞིང་ཆེན་གྱི2021བསམ་བློ་དྲིལ་སྒྲོག་བྱ་བའི་གཙོ་གནད་ལ་གྲོས་སྡུར་བྱས་པ་དང་། དེའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་ཀྲུའུ་རིན། དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་གྲོས་ཚོགས་བསྡུས།

ལོ་ཙཱ་བ། རིན་ཆེན་མཚོ།