ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2021.01.27 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བརྒྱད་པའི་ཕྱོགས་བསྡུས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། དུས་རབས་གསར་བ་དང་དུས་རིམ་གསར་བའི་ནང་། མཚམས་ཅུང་ཙམ་ཡང་མི་འཇོག་པར་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཐབ་ཇུས་གལ་ཆེན་གྱི་ལས་འགན་ལག་བསྟར་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། དེ་ནི་དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་ཀྱི་སྣེ་ཁྲིད་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན་པས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བློ་མཐུན་ཀྲའོ་ལི་ཅི་ཡི་བྱ་བའི་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ནས། གོ་དོན་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་རྒྱུས་ལོན་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་སྟེང་གི་གསུང་བཤད་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་འདུ་བ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ནང་དོན་ཕུན་སུམ་ཚོགས་པ་འདུ་ལ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་མངོན་ཡོད། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། ད་ལོའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པ། ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱུ་དེ་ཆེས་རྩ་བའི་རེ་བ་རུ་བྱེད་པ། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་བྱེད་རྒྱུ་དེ་ཆེས་གནད་འགག་གི་བྱེད་ཐབས་སུ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོས་གྲུབ་འབྲས་བཟང་བོར་བརྟེན་ནས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བར་སྣེ་ཁྲིད་བྱེད་རྒྱུ་དེ་མངོན་གསལ་གྱི་བརྗོད་སྙིང་དུ་བྱེད་པ། འགྲོ་འོང་བརྗེ་རེས་མཉམ་བསྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་གོ་ཆོད་པའི་བྱེད་ཐབས་སུ་བརྩི་བ་བཅས་བྱས་ནས། དུས་རབས་གསར་བ་དང་དུས་རིམ་གསར་བའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཚོགས་ཐོག་ནས2020ལོའི་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་དང་ཞིང་ཆེན་ཡོངས་ཀྱིས་ཕྱི་ཚུལ་རིང་ལུགས་ལེགས་བཅོས་ཟབ་མོ་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་བཏོན་པ་དང་། ཏང་གཤིས་དང་ཆབ་སྲིད། སྤྱི་ཚོགས་དར་སྲོལ་ཐད་ནས་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྣེ་ཁྲིད་བྱས་པས། ཏང་སེམས་དམངས་སེམས་བརྩོན་ལེན་བྱས་པ་དང་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་རྩ་དོན་དགོངས་དོན་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། སྲོལ་ངན་བཞི་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐོར་ཞིབ་ནི་ཏང་ནང་ལྟ་སྐུལ་གྱི་ཆེས་གལ་ཆེ་བའི་ལམ་ལུགས་བྱེད་ཐབས་ཡིན། ན་ནིང་གི་ཚུན་དུ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་རྒྱབ་ལྗོངས་ཆེན་པོའི་འོག ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་ནུས་པ་དང་ཆུ་ཚད། སྤུས་ཚད་སྤྱི་ཁོག་ནས་ཇེ་མཐོར་སོང་བ་དང་ཆུ་ཚད་གསར་བ་ཞིག་ཏུ་སླེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་རེ་བ་ལག་བསྟར་བྱེད་པ་དང་། སྲོལ་བཟང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དམ་འཛིན་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བརྗོད་སྙིང་ལ་དམིགས་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་འཛིན་འགན་འཁྲི་གཙོ་བོར་དམིགས་ནས། ད་ལོའི་སྐོར་ཞིབ་བྱ་བ་རྒྱུན་མཐུད་ངང་བཟང་བོར་སྒྲུབ་པ་དང་། གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ལས་རྐང་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲོས་གཞི་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། གཏན་ཁེལ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། བཀག་འགོག་བྱས་པ་གཏན་ནས་མི་སྒྲུབ་པ་བཅས་བྱས་ཏེ། སྤུས་ཚད་མཐོན་པོའི་སྐོར་ཞིབ་ཀྱིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་དགོས་ཟེར།

ཚོགས་ཐོག་ནས་སྐབས་བཅུ་གསུམ་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བའི་བྱ་བར་ཞིབ་འཇུག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2021ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ལས་གཞི་དོ་དམ་བྱེད་ཐབས་སོགས་ལ་གྲོས་ཞིབ་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།