རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2021.02.24 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པ།   ལུགས་རྙིང་ལོ་གསར་གྱི་ལྷན་འཛོམས་ཚོགས་ཆེན་བཅས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།     ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཉེ་ལམ་བསྡུས་པའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་པ་དང་།    ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་བསམ་བློའི་ངོས་ཟིན་དང་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་དགོས་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་དགོངས་དོན་ངོ་བོར་གོ་བ་ཡང་དག་ལེན་པ་དང་བརྗོད་དོན་གཙོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ།    འགན་སྒྲུབ་གཙོ་གནད་འབུར་ཐོན་བྱེད་པ།   འགན་སྒྲུབ་ཁ་ཕྱོགས་ཡང་དག་འཚོལ་བ་བཅས་བྱེད་དགོས།   ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དགོས་ངེས་ཀྱི་བླང་བྱ་གསུམ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ།   གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་བཀོད་སྤྱོད་བྱེད་པ་འབུར་དུ་ཐོན་པར་བྱེད་པ།    དོན་དངོས་དང་མཐུན་པའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དོན་དངོས་བསྒྲུབ་པ།  འགོ་གསར་པ་རྩོམ་པ་བཅས་བྱེད་དགོས།

གྲོས་ཚོགས་སྟེང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་།   ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བའི་གྲོས་ཚོགས་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   བསམ་བློ་དང་འགུལ་སྐྱོད་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ་འགན་འཁྲི་དང་ལེན་དང་ཁག་ཁུར། ལག་བསྟར་བྱེད་དགོས།  ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་བྱ་བ་གཙོ་བོ་འབུར་དུ་ཐོན་པར་བྱེད་པ།   གཙོ་གཞིའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་སོགས་བྱས་ཏེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་རེ་བ་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱེད་དགོས།      སྐབས་བརྗེ་བྱ་བ་གོ་སྐབས་སུ་བརྩིས་ནས་གཞི་རིམ་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་བཀོད་སྒྲིག་སོགས་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་།   གཞི་རིམ་གྱི་ཉམས་ཞན་ས་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཆ་རྐྱེན་བསྐྲུན་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས།   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཚད་མཐོ་བའི་ཆབ་སྲིད་གྱི་འགན་འཁྲིའི་བསམ་པ་དང་སྲིད་གྲོས་ལ་དགའ་བའི་བརྩེ་སེམས་ཀྱིས་བྱ་བ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་གསར་གཏོད་སྣེ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ།   ཁྱད་ཆོས་གསར་སྐྲུན་བྱེད་པ་བཅས་བྱེད་དགོས།    ཐོག་མཐའ་བར་གསུམ་དུ་དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།  བྱ་བའི་ལས་འགན་དང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱེད་པ།   ལྟ་སྐུལ་དཔྱད་ཞིབ་ཤུགས་ཚད་ཆེ་རུ་གཏོང་བ།   འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ནས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་སྤུས་ཚད་མཐོར་འདེགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་གསོ་སྦྱོང་བྱ་བའི་སྙན་ཞུར་ཉན་ཏེ་སྐབས་བརྗེའི་ཚུན་གྱི་གསོ་སྦྱོང་བྱ་བའི་ཐད་ནས་བླངས་པའི་མངོན་གསལ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།  གྲོས་ཚོགས་སྟེང་ད་ལོའི་རིགས་སོ་སོའི་གསོ་སྦྱོང་རྩ་འཛུགས་བཟང་བོ་བྱས་ཏེ་གསོ་སྦྱོང་གི་ཕན་ནུས་མཐོར་འདེགས་གཏོང་བ་དང་འགན་སྒྲུབ་ལག་ལེན་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་འབྲེལ་ཡོད་ལས་རིམ་དང་ལོ་ཧྲིལ་བོའི་རིག་གཞུང་སློབ་སྦྱོང་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ།   ཀྲང་ཝུན་ཁོའེ།   མཱ་ཧེ་དབྱིན།  ཝང་ཞོན།   ཏུའུ་ཏི་ཀྲི།   ཝང་ཀྲིན་ཁྲང་།   ལིག་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

                                                                                                                         ལོ་ཙཱ་བ།ལྷ་མོ་ཚེ་རིང་།