ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ། 
2021.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 93

ཟླ་གཉིས་པའི་ཚེས་ཉེར་བཞིའི་ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ། བརྡ་ཐོ་ལས་བསྟན་དོན། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་བསམ་བློའི་ངོ་བོ། ལག་ལེན་རེ་བ་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་། ལོ་རྒྱུས་སྦྱངས་ནས་གནས་ལུགས་ཤེས་པར་བྱེད་པ་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་བརྩི་བ། ལོ་རྒྱུས་སྦྱངས་ནས་ལག་ལེན་བྱེད་པ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་དགོངས་པར་གོ་བ་ལོན་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་འབྱེད་བྱེད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཟེར། བརྡ་ཐོ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་ཏང་ཀྲུང་དབྱང་གི་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ་དང་ཟུང་འབྲེལ་བྱས་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་བཟང་བོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་དང་། ཟོལ་མེད་ཀྱིས་སློབ་སྦྱོང་གི་ཕན་འབྲས་དེ་བྱ་བའི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་བ་བྱེད་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།