མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་གྲ་སྒྲིག་བྱ་བ་བརྟན་བརླིང་ངང་སྤེལ།
2021.02.25 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 37

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་འཚོགས་ལ་ཉེ་བ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་གྲ་སྒྲིག་བྱ་བ་བརྟན་བརླིང་ངང་སྤེལ། ད་ལོའི་བྱ་བ་སྣ་ཚོགས་སྔ་མོ་ནས་འཆར་འགོད་བྱས་པ་དང་གྲ་སྒྲིག་བཟང་བོ་བྱས་ལ། གོ་རིམ་ཚད་ལྡན་ཡིན་པ་དང་། གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་རྨང་གཞི་བཟང་བོ་བཏིངས།

ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ན་ནིང་གི་ཟླ་དགུ་པར་བསྡུས་པའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བཞི་པས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་གྲ་སྒྲིག་བྱས་པ་དང་། གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པར་སྔ་མོ་ནས་འཆར་འགོད་བྱས་ཏེ། འགན་སྒྲུབ་ཕན་འབྲས་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན། 2021ལོའི་ཟླ་དང་པོར། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྡུད་རུབ་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། བྱ་བ་སྣ་ཚོགས་ལ་སྔར་ལས་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་འགན་སྒྲུབ་ཐད་ནས་རེ་བ་གསལ་བོ་བཏོན་པ་དང་། ཨུ་ཡོན་གྱིས་ཏང་སྲིད་ལྟེ་གནས་བྱ་བར་དམིགས་ནས། ལས་རིགས་སོ་སོའི་མང་ཚོགས་ཁྲོད་སོང་ནས་ཞིབ་བཤེར་ཞིབ་འཇུག་བྱས་པ་དང་། གྲོས་འདོན་དང་ཚོགས་ཆེན་གྱི་གཏམ་བཤད། ཚན་ཆུང་གི་གྲོས་སྡུར་གཏམ་བཤད་ལ་གྲ་སྒྲིག་ནན་མོ་བྱས་ལ། མཚོ་སྔོན་ངོ་སྤྲོད་དང་དྲིལ་སྒྲོག་བཟང་བོ་བྱས་པ་མ་ཟད། གཙོ་གནད་དང་དཀའ་གནད་ལ་དམིགས་ནས་དངོས་གཉེར་བློ་འདོན་བྱས་ཏེ། འགན་སྒྲུབ་ཁག་ཁུར་མངོན་པར་བྱས།

ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་སྔར་ལས་བཟང་བོ་བྱེད་པའི་ཐད་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབས། 2020ལོར། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྡུད་རུབ་པའི་རེ་བ་ལྟར། ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཚད་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། ཨུ་ཡོན་གྱི་འགན་སྒྲུབ་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་བྱ་བའི་ཐད་ནས་ཕྱོགས་གཉིས་ཀྱི་ཚད་གཞི་བཏོན་ནས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཀྱི་རང་འགུལ་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་མཐོར་འདེགས་བཏང་། ཨུ་ཡོན་གྱི་འགན་སྒྲུབ་ལས་འགན་རེ་བར་བསམ་གཞིགས་གང་ལེགས་བཏང་བ་དང་། ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་པའི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་པར་རྩ་འཛུགས་བྱས་ལ། ཁོ་ཚོ་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་བྱ་འགུལ་སྣ་ཚོགས་ཁྲོད་ཞུགས་པར་གདན་འདྲེན་ཞུས་པ་དང་། དུས་བཀག་ལྟར་ཨུ་ཡོན་གྱི་ཉིན་རྒྱུན་གྱི་འགན་སྒྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཨུ་ཡོན་གྱི་འགན་སྒྲུབ་ཞབས་ཞུ་ཁྱོན་ཡོངས་སུ་ཁེབས་པར་བྱས། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་བསྡུ་བའི་ཡི་གེ་དཔར་ནས་བཀྲམ་པ་དང་། ཨུ་ཡོན་གྱི་འདོད་བློ་ལྟར། རང་འགུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་འདྲིས་བྱས་ནས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལ་གྲོས་གཞིའི་རྒྱུ་ཆ་འདོན་སྤྲོད་བྱས་པ་དང་། ལས་སྒོའི་མཛུབ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། གྲོས་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བའི་ཐད་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།