ཞིན་ཁྲང་ཞིང་གིས་དམངས་སྲིད་པུའུ་ལ་འཚམས་འདྲི་བྱས།
2021.02.26 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་པེ་ཅིན་ནས་དམངས་སྲིད་པུའུ་ལ་འཚམས་འདྲི་བྱས་པ་དང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་ལིས་ཅི་ཧྭིན་དང་བཞུགས་མོལ་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་རང་ཞིང་གི་དམངས་སྲིད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་་གཞོན་པ་ཐང་ཁྲིན་ཕེ་བཞུགས་མོལ་ལ་ཞུགས།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཚབ་བྱས་ནས་དམངས་སྲིད་པུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རོགས་སྐྱོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། མི་དམངས་གཙོར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ལ། དམངས་སྲིད་པུའུ་ཡི་བཀོད་སྒྲིག་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་པས། དམངས་སྲིད་ལས་དོན་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བཟང་བོ་བསྡུས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པ། བསྡུ་གསུམ་རྨང་གསུམ་གྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས། དམངས་སྲིད་པུའུ་ཡིས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། སྲིད་ཇུས་དང་ལས་གཞི། མ་དངུལ་སོགས་ཕྱོགས་ནས་རྒྱབ་སྐྱོར་དང་རོགས་རམ་མང་པོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཏོན།

ལིས་ཅི་ཧྭིན་གྱིས་མཚོ་སྔོན་དམངས་སྲིད་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རང་ཞིང་གིས་རེ་ཞུ་བྱས་པའི་བྱ་བའི་ཐད་ནས་ལན་བཏབ་ལ། མཚོ་སྔོན་གྱི་གནས་ཚུལ་དམིགས་བསལ་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། སེམས་ཤུགས་ཡོད་ཚད་བཏོན་ནས་མཚོ་སྔོན་གྱི་དམངས་སྲིད་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།