ཁྲིན་རོས་ཧྥུན་གྱིས་རྒྱ་ལོའི་བཅོ་ལྔའི་དུས་ཆེན་སྐབས་སུ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་མཇལ་དང་བརྟན་འཇགས་བདེ་སྲུང་བྱ་བར་རྟོག་ཞིབ་བྱས།
2021.02.27 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔའི་དུས་ཆེན་ཉིན་མོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥུན་སྐུ་འབུམ་དགོན་དུ་སོང་ནས། ལས་གནས་སྟེང་གི་ལས་བཟོ་བ་དང་དགོན་པའི་དོ་དམ་ཨུ་ཡོན། གྲྭ་བཙུན་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱ་ལོའི་ཚེས་བཅོ་ལྔའི་དུས་ཆེན་སྐབས་ཀྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་དང་བརྟན་འཇགས་བདེ་སྲུང་བྱ་བར་ཞིབ་བཤེར་བྱས།

ཁྲིན་རོས་ཧྥུན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། སྐུ་འབུམ་དགོན་པས་མུ་མཐུད་དུ་དགོན་པའི་དམངས་གཙོའི་དོ་དམ་དང་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་བསྣན་པ་དང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་དགོན་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བར་བརྟེན། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོབ། རིམས་ནད་འགོག་སྡོམ་ལ་རྒྱལ་ཁ་བརྩོན་ལེན་བྱེད་པ་སོགས་ཀྱི་ཐད་བྱས་རྗེས་གང་ལེགས་བཞག་ཡོད། རེ་བ་ཡིན་ན་མུ་མཐུད་དུ་འབད་འབུངས་བྱས་ཏེ། བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་བྱེད་ཕྱོགས་ལེགས་སྒྱུར་བྱས་ནས། རྒྱུན་རྣམ་ཅན་དང་ཡུན་ཕན་རང་བཞིན་ཆེ་བའི་དོ་དམ་ལམ་ལུགས་འཐུས་ཚང་བཙུགས་མཐར། དེང་རབས་ཀྱི་བདེ་སྐྱིད་ལྡན་པའི་ཟི་ལིང་བསྐྲུན་པར་བྱས་རྗེས་གང་ལེགས་འཇོག་དགོས།

ལོ་ཙཱ་བ། བན་དེ་སྐྱབས།