མཚོ་སྔོན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2021.02.27 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཉིས་སྟོང་ཉེར་གཅིག་ལོའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། ད་ལོའི་སྐོར་ཞིབ་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་དགུ་པ་དངོས་སུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚའེ་ཡིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་དགུ་པའི་སྐོར་ཞིབ་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་མཐར་ཕྱིན་བྱས་པར་མ་ཟད། སྐོར་ཞིབ་ཐེངས་དགུ་པའི་ཚན་གཙོའི་འགན་དབང་བྱིན་པ་དང་འོས་འགན་ཁག་བགོས་གཏན་འབེབས་བསྒྲགས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བ་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། སྐོར་ཞིབ་མཛུབ་སྟོན་ལྟ་ཞིབ་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ། སྐོར་ཞིབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་སྐོར་ཞིབ་ཀྱི་དབང་ཟིལ་མངོན་པར་བྱེད་དགོས།

ལོ་ཙཱ་བ། བན་དེ་སྐྱབས།

2