མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བཞུགས་མོལ་ཚོགས་འདུ་བསྡུས།
2021.02.27 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བཏོན་པའི་འབྲེལ་ཡོད་བྱ་བའི་ཐད་ཀྱི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བྱ་བ་སྣ་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཨུ་ཡོན་ཚོས་གྲོས་ཚོགས་བཟང་བོ་བསྡུ་བ་དང་འགན་སྒྲུབ་བཟང་བོ་བྱེད་པར་དམིགས་ནས་བརྗེ་རེས་གཏམ་བཤད་བྱས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྡུད་རུབ་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཝང་ཞོན་དང་ཀྲང་ཀྲིག་ཕིང་། ལིས་ཆེན། མཱ་ཡུའེ་ཞང་། ལིས་ལིས་ཅོན་སོགས་ཨུ་ཡོན་ལྔས་སྔ་གཞུག་ཏུ་གཏམ་བཤད། ཨུ་ཡོན་ཚོས་མཐའ་གཏིག་ཏུ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སེམས་ཁུར་དང་མངག་བཅོལ་མཚོན་པར་བྱས་ཡོད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྔོན་དུས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཀྱིས་ཨུ་ཡོན་གྱིས་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་རྨང་གཞི་བརྟན་པོ་བཏིངས་པའི་ཚུལ་བསྟན། ཚང་མས་བསྟན་དོན། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་འགན་འཁྲི་གཏན་འཁེལ་བྱེད་པ། འགན་སྒྲུབ་ནན་མོ་བྱེད་པ། ཚོགས་ཆེན་གྱི་སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་བཟང་བོ་བྱེད་པ་མ་ཟད། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེགས་བུ་ལ་རྟེན་ནས། ལས་རིགས་སོ་སོར་ཁ་ཕྱོགས་ནས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་གྱི་མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་གཏམ་རྒྱུད་བཟང་བོ་བཤད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་རེ་སྒུག་གི་སེམས་གཏམ་བརྗོད་དེ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་བྱེད་རྒྱུ་བསམ་ཚུལ་བསྟན།

རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱས་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པར་འབད་འཐབ་བྱེད་པ་དང་དེའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བ་འབྱེད་པའི་དུས་སྐབས་གཙོ་བོར་བསྡུས་པ་ཡིན་ལ། ཆབ་སྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེ་བ་དང་། གྲོས་ཚོགས་ཀྱི་ནང་དོན་ཧ་ཅང་གལ་ཆེ་བ་དང་འགན་སྒྲུབ་ཀྱི་རེ་བ་སྔར་ལས་ནན་མོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་གཉིས་བཟང་བོར་བསྡུ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཆབ་སྲིད་སྟེང་དང་སྤྱི་ཡོངས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཞིབ་འཇུག་བྱས་ཏེ། རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུས་རྒྱལ་ཡོངས་ཚོགས་ཆེན་གཉིས་བཟང་བོར་བསྡུས་པའི་སྐོར་གྱི་བཀོད་སྒྲིག་རེ་བ་སྣ་ཚོགས་སྟེང་གཅིག་གྱུར་བྱེད་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཏན་འབེབས་ལག་བསྟར་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་རྒྱལ་ཁབ་ཀྱི་ངོས་ཕྱོགས་ནས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། གྲོས་གཞི་དང་གཏམ་བཤད་རྒྱུ་ཆ་གྲ་སྒྲིག་བཟང་བོ་བྱེད་པ་དང་གྲོས་སྡུར་གྲོས་ཞིབ་ལ་ཞུགས་པ། བློ་འདོན་ཇུས་འབུལ་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་སྟེ། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཚོགས་སྲོལ་སྒྲིག་ལམ་དམ་སྲུང་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གཅིག་གྱུར་བཀོད་སྒྲིག་མཐའ་གཅིག་ཏུ་དང་ལེན་བྱེད་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་རིམས་ནད་འགོག་བཅོས་ཀྱི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ། དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོ་དང་སྙིང་སྟོབས་བཟང་བོས་འགན་འཁྲི་ལག་བསྟར་བྱས་ནས། ཚོགས་ཆེན་གྱིས་བསྩལ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་ལག་བསྟར་བྱེད་པའི་སྣང་ཚུལ་བཟང་བོ་མངོན་དགོས།

                                                                                                                      ལོ་ཙཱ་བ། རིན་ཆེན་མཚོ།