ཝང་དབྱང་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2021.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་ལྔ་ཉིན་གྱི་ཕྱི་དྲོ་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་རྣམས་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཝང་དབྱང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གི་ད་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆོད་བཀོད་སྒྲིག་དང་བྱ་བའི་བླང་བྱ་མངོན་པར་མཚོན་ཡོད་ལ། སྤྱི་སྡོམ་བྱས་པ་གནད་སྨིན་དང་དངོས་ཐོག་བདེན་འཚོལ་ཡིན་པར་མ་ཟད། བཀོད་སྒྲིག་བྱས་པའི་ལས་དོན་གྱི་གནད་ས་འབུར་ཐོན་དང་ལག་བསྟར་བྱེད་རུང་བ་ཡིན་པ་ལས་གཞན། ཞིབ་ཚགས་བདེན་གཉེར་དང་མཐུན་སྒྲིལ་ཡར་བསྐྱེད་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པས་ང་རང་ངོས་ནས་མོས་མཐུན་ཡོད་ཟེར།

ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ་སྣེ་མང་རྙོག་འཛིང་གི་འོས་འགན་དང་གནས་སྟངས་ཅི་རིགས་ལ་ཁ་གཏད་འཇལ་བ་དང་། སྔར་བྱུང་མ་མྱོང་བའི་ཉེན་ཁ་དང་འགྲན་སློང་ཅི་རིགས་ལ་ཁ་གཏད་འཇལ་ཏེ། རང་རྒྱལ་གྱི་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་ཕན་འབྲས་ངེས་ཅན་ཐོབ་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་དོན་ལའང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ཐོབ་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་དོན་ལའང་རླབས་ཆེ་ཞིང་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་ཐོབ། གྲུབ་འབྲས་འདི་དག་ལེན་ཐུབ་པའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་འདོམས་སྣེ་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་འདོམས་ལའང་རག་ལས་ཡོད། གྲུབ་འབྲས་འདི་དག་གིས་ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་ཆབ་སྲིད་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་པར་མཚོན་པ་ལས་གཞན། ཀྲུང་གོ་མི་དམངས་དང་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་རླབས་ཆེ་བའི་སྟོབས་ཤུགས་འཛད་མེད་ཅིག་ཅར་བསྟན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།