མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས།
2021.03.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོ་རང་སོ་སོའི་ལས་རིགས་ཚན་ཁག་གི་གྲོས་ཚོགས་ལ་ཞུགས་ནས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་ལ། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་ཁྱད་ཆོས་མངོན་གསལ་ཡིན་པ་དང་། ཚིག་སྦྱོར་བདེ་ཞིང་བབ་ཆགས་ལ། སྤུས་ཚད་མཐོ་བའི་བྱ་བའི་སྙན་ཞུ་ཞིག་ཡིན། འདས་པའི་ལོ་གཅིག་ནང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམ་དུ་དམིགས་ནས་འགན་འཁྲི་ལག་བསྟར་བྱས་པ་དང་། ཁྱད་ཆོས་གསར་པ་དང་གསར་གཏོད་མང་པོ་ཡོད་ལ། དཔེ་ཀློག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་ལས་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས་རྒྱུན་མཐུད་ངང་རྟོག་ཞིབ་གྲོས་མོལ་བྱས་པ་དང་དམངས་གཙོ་ལྟ་སྐུལ་ལ་ཤུགས་བསྣན་ཞིང་། གྲོས་གཞི་གཙོ་བོ་སྒྲུབ་པའི་སྤུས་ཚད་མཐོར་འདེགས་བཏང་སྟེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་པ་བླངས། ད་ལོའི་བྱ་བའི་བཀོད་སྒྲིག་གྲོས་གཞིས་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཀྱི་ཚན་རིག་བརྡར་གཅོད་དང་སྲིད་གྲོས་བྱ་བའི་ཐད་ཀྱི་བླང་བྱ་མངོན་པར་བྱས་ཡོད་པ་མ་ཟད། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་བཀོད་སྒྲིག་གསར་བ་བྱས་པ་དང་། བསམ་ཕྱོགས་གསལ་ཞིང་གཙོ་གནད་འབུར་དུ་ཐོན་ལ། བྱེད་ཐབས་ཤུགས་ལྡན་ཡིན། སྙན་ཞུ་གཉིས་ལ་ཧ་ཅང་འཐད་པ་ཡིན་ཟེར།

ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་སྙན་ཞུས་འགན་འཁྲི་ཁག་ཁུར་དང་ལས་གཉིས་སྤོབས་སེམས། བྱ་བའི་གསར་གཏོད་བཅས་མངོན་པར་བྱས་ཡོད་ལ། དེ་ནི་སེམས་འདུན་མཚོན་པ་དང་སེམས་ཤུགས་ཡར་བསྐྱེད་ཀྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ཧ་ཅང་འཐད་པ་ཡིན། ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས། རང་སྟེང་གི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་འབྲེལ་བར་མཐུན་སྦྱོར་དང་འགལ་རྩོད་ཐག་གཅོད་པ། དྲང་ཕྱོགས་ཀྱི་སྣེ་ཁྲིད་བྱེད་པར་རོགས་འདེགས་བྱེད་པ་སོགས་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། མུ་མཐུད་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྲིད་གྲོས་ཨུ་ཡོན་ལ་སྣེ་ཁྲིད་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་པོ་བཏིང་ནས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་འཐབ་ལམ་གསར་པ་འབྱེད་དགོས་ཟེར།

ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་དབྱང་གིས་ཕུལ་བའི་སྙན་ཞུས་འདས་པའི་ལོ་གཅིག་ནང་མི་དམངས་སྲིད་གྲོས་ཀྱིས་རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་ནས། སྲོག་ཤིང་སྲུང་སྐྱོབ་དང་མི་སེམས་གཅིག་ཏུ་བསྡུ་བ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས་པར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས། བཀོད་སྒྲིག་བཟང་བོ་བྱེད་པའི་དུས་རིམ་གསར་པ་དང་མགོ་ཚུགས་ས་གསར་པར་འགྲེང་ནས། སྙན་ཞུས་དཀྱིལ་སྙིང་བྱ་བར་དམིགས་ཏེ། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་བསམ་ཚུལ་བཏོན་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཚུགས་ས་མཐོ་བ། སྲིད་གྲོས་ལམ་ལུགས་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ། འགན་སྒྲུབ་ནུས་པའི་རེ་བ་མཐོ་བ་བཅས་འབུར་དུ་ཐོན་པར་བྱས་ཡོད། སྙན་ཞུས་གཅིག་བསྡུས་སྒོས་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཀྱི་རྒྱལ་གཅེས་ཀྱི་སེམས་པ་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་རླབས་ཆེན་ལག་ལེན་དུ་བསྒྱུར་བ་མངོན་ཡོད་ལ། དེས་སེམས་ཤུགས་ཆེ་རུ་བསྐྱེད་ཐུབ་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།