ལིས་ཁི་ཆང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2021.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་དྲུག་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཀོང་ཞི་འཐུས་ཚབ་ཚོགས་པར་ཕེབས་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཞིབ་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་དྲུག་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཀོང་ཞི་འཐུས་ཚབ་ཚོགས་པར་ཕེབས་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཞིབ་ལ་ཞུགས།

འཐུས་མི་རྣམས་ཀྱིས་གཏམ་བཤད་པར་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། དཀའ་ངལ་ཁྱད་དུ་བསལ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་དཀའ་བའི་གྲུབ་འབྲས་བླངས་ཡོད། ཀོང་ཞིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་འབད་འཐབ་ལྷོད་མེད་བྱས་ཏེ་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར་རྒྱལ་ཁབ་ཕྱི་ནང་གི་ནས་བབ་སྔར་བཞིན་རྙོག་འཛིང་ཆེ་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ལ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་ལྟར་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱས་པ་དང་། དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱས་ཏེ། དཔལ་འབྱོར་བརྟན་བརླིང་ཡོང་བར་ཡར་སྐུལ་བྱས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཆེ་རུ་བསྐྱེད་དགོས། བཟོ་ལས་དང་ལྷག་པར་དུ་གསར་གཏོད་ལས་རིགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་སྒུལ་ནུས་གསར་པ་ཆེ་རུ་བསྐྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། ནང་མཁོའི་སྦས་ཤུགས་བཏོན་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། ཀོང་ཞིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དེ་མ་འོངས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་དོན་དོན་འཁྱོལ་བྱེད་པར་སྦྲེལ་མཐུད་བྱས་ཏེ། མཚོ་འགྲམ་གྱི་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་དགོས། དབུས་ནུབ་རྒྱུད་ཀྱི་སློབ་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་མྱུར་དུ་གསབ་པ་དང་། གྲོང་གསེབ་དང་མཐའ་འཁོབ་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཀོང་ཞིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་པའི་ཐུགས་རེ་བཏོན།

ཕྱུག་ལོས་བསྒྱུར།