ལིས་ཁི་ཆང་གིས་དཔལ་འབྱོར་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་རྒྱལ་དོན་ལ་གྲོས་སྡུར་བྱས།
2021.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ཚོའི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ཚོའི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་པ་དང་། དེར་ཡོད་ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་གཏམ་བཤད།

ལིས་ཁི་ཆང་གིས་བཤད་རྒྱུར། ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་མཉམ་དུ་དཀའ་ངལ་ཁྱད་སེལ་བྱས་པར་བརྟེན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེན་དཀའ་བའི་གྲུབ་འབྲས་བླངས། གྲུབ་འབྲས་དེའི་ཁྲོད་དུ་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་སེམས་ཤུགས་དང་ཤེས་རབ། བྱས་རྗེས་བཅས་འདུས་ཡོད། ད་ལོའང་སྔར་བཞིན་རང་རྒྱལ་གྱི་འཕེལ་རྒྱས་ཀྱིས་དཀའ་ངལ་དང་འགྲན་རྩོད་ཅི་རིགས་གདོང་གིས་བསུ་དགོས་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་ཅན་དང་བརྟན་འཇགས་ཅན། རྒྱུན་གནས་ཅན་བཅས་སྲུང་འཛིན་བྱེད་རྒྱུ་དང་། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡོང་བར་སྲུང་འཛིན་བྱས་ནས། དཔལ་འབྱོར་འཕར་ཆག་ཆེན་པོ་མི་ཡོང་བར་བྱེད་རྒྱུ་དང་ཁྲོམ་ར་བརྟན་འཇགས་ཡོང་བར་བྱེད་དགོས། དམངས་ཚིས་ལེགས་བཅོས་ཀྱི་དགོས་མཁོར་དམ་པོར་དམིགས་རྒྱུ་དང་དཔལ་འབྱོར་སླར་གསོ་ཡོང་བར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་ནུས་པ་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ནས། གཞི་གྲངས་དཔལ་འབྱོར་སོགས་བསྐྱར་དར་ཐོན་ལས་འཕེལ་རྒྱས་གཏོང་དགོས་པར་མ་ཟད། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་ཇེ་བརྟན་དུ་གཏོང་དགོས། གྲོན་ཆུང་ཁོར་སྲུང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱས་ཏེ། ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།