ལིས་ཀྲན་ཧྲུའུ་ཡིས་ཀྲི་གུང་ཏང་དང་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་རྒྱལ་དོན་ལ་གྲོས་སྡུར་བྱས།
2021.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཀྲི་གུང་ཏང་དང་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་བཅས་ཀྱི་ཨུ་ཡོན་ཚན་ཆུང་གི་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཀྲི་གུང་ཏང་དང་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་བཅས་ཀྱི་ཨུ་ཡོན་ཚན་ཆུང་གི་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།

ལིས་ཀྲན་ཧྲུའུ་ཡིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་གཟབ་ནན་སྒོས་ཉན་རྗེས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་ངལ་དང་ཉེན་ཁ་ཅི་རིགས་སེལ་བས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། དེའི་ཁྲོད་དུ་ཀྲི་གུང་ཏང་དང་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་བཅས་ཚུད་པའི་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་ཤེས་རབ་དང་སྟོབས་ཤུགས་འདུས་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་རེ་བ་བཏོན་ནས་བཤད་རྒྱུར། ཀྲི་གུང་ཏང་དང་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པའི་ཁྲོད་ནས་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།