ཝང་དབྱང་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2021.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།  ཁོང་གིས་ཐེ་ཝན་གྱི་གནས་བབ་སྔར་བཞིན་རྙོག་འཛིང་ལྡན་ལ་ཉེན་ཁ་དང་འགྲན་སློང་ཅི་རིགས་ལ་སྣང་ཆུང་བྱེད་མི་རུང་ནའང་། རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་དུས་རྟག་པར་ང་ཚོའི་ཕྱོགས་ན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེ་ཝན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ལྟ་བ་རྒྱུན་འཁྱོངས་དང་ཐེ་ཝན་རང་བཙན་གྱི་ཁ་བྲལ་སྦྱོར་བ་གཏན་འགོག་བྱས་ནས། འགྲམ་ངོགས་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཐེ་ཝན་དང་ཐེ་ཝན་མི་དམངས་ལ་ཕན་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ། ཐེ་ཝན་སྤུན་ཟླས་མཉམ་དུ་མི་རིགས་ཀྱི་དོན་ཆེན་ཕྲག་སྟེང་དུ་ལེན་རྒྱུ་དང་མཉམ་དུ་བསྐྱར་དར་གྱི་རླབས་ཆེན་ལས་དོན་སྒྲུབ་པར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།