ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2021.03.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ང་གསུམ་པ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ང་གསུམ་པ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་གྲོས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་གི་ཡར་ཞུ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་བྱ་བའི་གནས་ཚུལ་གྱི་ཡར་ཞུར་ཉན་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་གཙོ་བོ་དོན་དྲུག་གི་ཁ་བྱང་དང་ལྟ་སྒྲུབ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་གཏན་ཁེལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་གཟིགས་བཤེར་རྟོག་ཞིབ་བརྟག་དཔྱད་ཀྱི་བཀོད་སྒྲིག་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ད་ལོའི་ཚོགས་ཆེན་གཉིས་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་བསྡུས་པ་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་གཉིས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་བླང་བྱ་ལྟར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པར་སེམས་ཤུགས་གཅིག་སྡུད་བྱེད་པའི་བླང་བྱ་དངོས་སུ་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་ལ་དམ་དུ་དམིགས་ནས། ཨུ་ཡོན་རྩ་འཛུགས་བྱས་ཏེ་མང་ཚོགས་དང་ཡུལ་དང་བོ། གཞི་རིམ་བཅས་སུ་ཟབ་ཞུགས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ལག་བསྟར་ཐད་བློ་འདོན་ཇུས་འབུལ་བྱེད་དགོས་པ་དང་། བློ་འདོན་ཇུས་འབུལ་དང་ལྟ་བ་གཅིག་སྡུད་ཕྱོགས་གཉིས་ལ་ཤུགས་འདོན་རྒྱུ་དེ་སྲིད་གྲོས་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་སྦྲེལ་དགོས། གྲོས་མོལ་གྱི་ཟབ་ཚད་དང་ཡངས་ཚད་སྔར་ལས་ཆེ་རུ་བསྐྱེད་དེ། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་མོལ་བྱ་བའི་སྒྲིག་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཕན་ནུས་དེ་དངོས་སུ་འགན་སྒྲུབ་ཀྱི་ཕན་ནུས་སུ་བསྒྱུར་དགོས། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ལག་བསྟར་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམ་དུ་དམིགས་ཏེ། དམངས་གཙོ་ལྟ་སྐུལ་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲོལ་མོལ་རྣམ་པའི་ལྟ་སྐུལ་གྱི་ནུས་ལྡན་བྱེད་ཐབས་ཆགས་པར་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། ལྟ་བ་གཅིག་སྡུད་ཀྱི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་ཀྱིས་ལྟ་བ་གཅིག་སྡུད་ཀྱི་སྤྱི་ཚོགས་ཕན་འབྲས་རྒྱ་བསྐྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་བཟང་བའི་སྐུལ་ཁྲིད་བྱེད་པ་བརྒྱུད་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཆེད་བློ་གྲོས་དང་ལྟ་བ་རྒྱ་ཆེར་གཅིག་སྡུད་བྱེད་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། གྲོས་གཞིའི་བྱ་བ་ནི་མི་དམངས་སྲིད་གྲོས་ཀྱི་རྨང་གཞི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། རྒྱུན་ལྡན་རང་བཞིན་བཅས་ཀྱི་བྱ་བ་ཞིག་ཡིན། ད་ལོའི་སྲིད་གྲོས་ཀྱི་གྲོས་གཞིའི་ནང་དོན་ཐད་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གལ་ཆེན་ལ་དམ་དུ་སྦྲེལ་ཏེ། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་ཡོད་ལ། གྲོས་གཞི་བཏོན་པའི་བྱ་བ་རྣམས་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པས། གྲོས་གཞི་སྒྲུབ་སྟངས་གསར་གཏོད་ཀྱིས་གྲོས་གཞི་གལ་ཆེན་བསྟུད་མར་ལྟ་སྒྲུབ་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོས་གཞི་སྒྲུབ་པའི་སྤུས་ཚད་དང་ཆུ་་ཚད་ཇེ་མཐོར་བཏང་ནས། གྲོས་གཞིས་སྤྱི་ཚོགས་རིང་ལུགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་བཟང་བོར་འདོན་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་བཅས་གྲོས་ཚོགས་ལ་ཞུགས།

ཕྱུག་ལོས་བསྒྱུར།