ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།
2021.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 278

ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི་སོགས་ཀྱིས་པེ་ཅིང་ནས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། 

ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི་སོགས་ཀྱིས་པེ་ཅིང་ནས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། 

རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཚེས་ཉེར་དགུའི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟེངས་བསྟོད་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཡོངས་ལ་སྙིང་ཉེ་བའི་ངང་ནས་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོར་སེམས་གཏིང་ནས་འཚམས་འདྲི་དང་རྟེན་འབྲེལ་བཟང་བོ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་མཇལ་འཕྲད་ལ་ཞུགས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕིང་སོགས་ཅིང་ཞི་མགྲོན་ཁང་གི་ཚོགས་ཁང་ཚོམས་ཆེན་དུ་ཕེབས་པ་དང་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་འཐུས་མི་རྣམས་ཀྱི་ཁྲོད་དུ་སོང་ནས་ཚང་མ་དང་མཉམ་དུ་སྙིང་ཉེ་བའི་ངང་ནས་བརྗེ་རེས་བྱས་པར་མ་ཟད་མཉམ་པར་བསྐྱོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀོ་ཧྲིན་ཁུན་མཇལ་འཕྲད་ལ་ཞུགས་པར་མ་ཟད་སྤྱི་བསྡོམས་གཟེངས་བསྟོད་ཀྱི་ཚོགས་ཆེན་སྟེང་གཏམ་བཤད། ཁོས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་བླངས་པའི་རྩ་བའི་གཞི་འཛིན་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་སྟོན་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་ཡིན་ལ། དེ་ནི་ཏང་གིས་འགོ་ཁྲིད་པའི་ཆབ་སྲིད་ཁྱད་སྟོབས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་རྩེའི་ཐུགས་ཁུར་སྟོབས་དང་ལྡན་པའི་སྒུལ་ཤུགས་སུ་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཡང་འབད་བསྐྱར་འབད་བྱེད་པ། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ལ་སྐུལ་འདེད་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཏིན་ཞོའེ་ཞང་དང་དབྱང་ཞའོ་ཏུའུ། ཁྲིན་ཞི། ཧོང་ཁུང་མེན་བཅས་མཇལ་འཕྲད་ལ་ཞུགས། ཀྲའོ་ཁི་ཀྲི་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་ལ་འགོ་འཛིན་བྱས། ཀྲིག་ཆང་དང་ཀྲང་ཅུན་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་ལ་ཞུགས།

ཚོགས་ཆེན་ནས་གཟེངས་བསྟོད་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་བྱ་དགའི་རྟགས་མ་གནང་། རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། གཟེངས་བསྟོད་ཐོབ་པའི་ལས་བྱེད་པའི་འཐུས་མི་བཅས་ཀྱིས་སོ་སོར་ཚོགས་ཆེན་སྟེང་གཏམ་བཤད།

དཔའ་བརྟན་རྒྱལ་གྱིས་བསྒྱུར།