ཀྲང་ཀོང་རོང་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཡུལ་ཚོ་རིམ་པའི་སྐབས་བརྗེ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།
2021.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྗོང་དང་ཡུལ་ཚོ་རིམ་པའི་དམངས་ཆེན་སྐབས་བརྗེ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་ན་འཚོགས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་རེ་རེ་བཞིན་གཏམ་བཤད།

འདེམས་བསྐོའི་བྱ་བ་ནི་ཆབ་སྲིད་དང་དོན་དངོས།  ལོ་རྒྱུས་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་བྱ་བ་ཞིག་ཡིན།ཆབ་སྲིད་ཀྱི་ལང་གནས་མཐོར་འདེགས་དང་འདུ་ཤེས་བཞི་ཇེ་དྲག། ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཀྱིས་སྐབས་བརྗེའི་འདེམས་བསྐོའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྐབས་བརྗེའི་འདེམས་བསྐོའི་བྱ་བའི་ཁྲོད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་རང་རྟོགས་ནུས་པ། ལག་བསྟར་ནུས་པ་མཐོར་འདེགས་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་དང་ལག་ལེན་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱེད་དགོས།

ཀྲང་ཀོང་རོང་གིས་བསྟན་དོན། གནད་འགག་གི་ལས་རིམ་ལ་དམིགས་ཏེ་ཁྲིམས་ལྟར་སྐབས་བརྗེ་འདེམས་བསྐོ་བྱ་བ་ལེགས་པོར་བསྒྲུབ་པ་དང་འཐུས་མིའི་ཟབ་ཞུགས་དང་ལས་རིམ། སྒྲིག་ལམ། ལྟ་རྟོགས་བཅས་ཀྱི་འགག་སྒོ་བཟང་བོར་བསྒྲུབ་དགོས། རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་དང་བསམ་བཀོད་གཅིག་གི་འདུ་ཤེས་བརྟན་པོར་བཙུགས་ཏེ་དམངས་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འགན་འཁྲི་ཁག་བགོས་ཀྱི་བྱ་བ་ལག་བསྟར་ཞིབ་མོ་དང་སྣེ་ཁྲིད་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་པ་དང་འགན་འཁྲི་སེམས་སུ་གསལ་བ ། འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་ཏུ་བསྟར་བའི་འདུ་ཤེས་ཀྱིས་རྫོང་དང་ཞིང་རིམ་པའི་སྐབས་བརྗེ་འདེམས་བསྐོ་བྱ་བ་ཁྲིམས་ལྟར་སྤེལ་བ། འདེམས་བསྐོའི་མཇུག་འབྲས་ལ་མི་དམངས་མང་ཚོགས་ཡིད་ཚིམས་པར་བྱེད་དགོས་ཟེར།

ཉི་མ་སྒྲོལ་མས་བསྟན་དོན། ལས་ཁུངས་སོ་སོ་དང་གྲོང་ཁྱེར་དང་ཁུལ་རིམ་པའི་དམངས་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་སློབ་སྦྱོང་རྩ་འཛུགས་བརྒྱུད་བསྒྲགས་་བྱེད་པ་དང་བྱ་བའི་སྒྲིག་གཞི་བཅོས་སྒྲིག་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་འགན་འཁྲི་དངོས་འབབ་དམ་འཛིན་བྱས་ཏེ་རང་ཞིང་གི་རྫོང་དང་ཞིང་རིམ་པའི་དམངས་ཆེན་འདེམས་བསྐོའི་ཛ་བྱ་བ་བདེ་ལེགས་ངང་བསྒྲུབ་པར་ཁེག་ཐག་བྱེད་དགོས་ཟེར།

རིམ་པ་སོ་སོའི་མཉམ་ཞུགས་གྲོས་ཚོགས་ཁོངས་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

རིག་འཛིན་ཐར་གྱིས་བསྒྱུར།