ཁྲིན་རེའུ་ཧྥུན་གྱིས་མང་ཚོགས་ཚོགས་པའི་བྱ་བར་བརྟག་ཞིབ་གནང་།
2021.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་4ཚེས་14ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥུན་གྱིས་མང་ཚོགས་ཚོགས་པའི་བྱ་བར་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དཀྱིལ་སྙིང་ལ་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ།དྲིན་ཤེས་པ་དང་དྲིན་གཟོ་བ།ཡར་བརྩོན་འབད་འཐབ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཚོགས་པའི་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་ནས་དེང་རབས་མཛེས་སྡུག་གི་ཟི་ལིང་གྲོང་ཁྱེར་གང་ནུས་སྒོས་འཛུགས་སྐྲུན་བྱེད་དགོས།གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཞ་དང་ཀོན་ཞིན་མེན་བརྟག་ཞིབ་ལ་ཞུགས།

ཁྲིན་རུའེ་ཧྥུན་གྱིས་སྔ་གཞུག་ཏུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོ་བའི་ཞབས་ཞུ་ལྟེ་གནས་དང་གཟི་བརྗིད་མཚན་སྙན་ཁང་སོགས་སུ་ལས་ཞུགས་མི་སྣ་དང་དངོས་སུ་སྤེལ་རེས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་སྤེལ་ཚུལ་དང་།ལས་ཞུགས་དང་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ཞབས་ཞུའི་བྱ་བ་སྤེལ་ཚུལ་ཤེས་རྟོགས་ནན་ཏན་བྱས།ཁོང་གིས་ཏང་གི་མང་ཚོགས་ཚོགས་པའི་བྱ་བ་ནི་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་སྒྲུབ་ཆེད་འབད་འཐབ་བྱེད་པའི་ནོར་བུ་གལ་ཆེན་ཞིག་རེད།འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བྱེད་ཐུབ་པ།རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།བསམ་བློའི་ཁྲིད་སྟོན་དང་ཁེ་དབང་སྲུང་སྐྱོབ།དོ་ཁུར་ཞབས་ཞུ་སོགས་ཀྱི་བྱ་བ་ཏན་ཏིག་ངང་བསྒྲུབས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་ཐོག་ཁྲིན་རུའེ་ཧྥུན་གྱིས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མང་ཚོགས་ཚོགས་པའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་།གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་ཀྱི་སྙན་ཞུར་ཉན་རྗེས་མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གི་བྱ་བར་ཁས་ལེན་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ།ཏང་འཛུགས་སྐྱོང་གིས་མང་ཚོགས་སྒྲིག་འཛུགས་འཛུགས་སྐྱོང་ལ་སྣེ་ཁྲིད་བཅས་བྱས་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་དང་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར།ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་དགོས་ཞེས་བསྟན། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་100ལོན་པར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོར་བྱེད་པའི་བྱེད་སྒོ་ཡག་པོར་སྤེལ་ནས་གུང་ཁྲན་ཏང་བཟང་། སྤྱི་ཚོགས་རིང་ལུགས་བཟང།བཅོས་བསྒྱུར་སྒོ་འབྱེད་བཟང་།རླབས་ཆེན་མེས་རྒྱལ་བཟང་།མི་རིགས་ཁག་གི་མི་དམངས་བཟང་པོ་བཅས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས།

མི་ཕམ་མགོན་པོས་བསྒྱུར།