ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོའི་ཆེད་དོན་མཐུན་སྦྱོར་ཚོགས་འདུ་བསྡུས།
2021.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོའི་ཆེད་དོན་མཐུན་སྦྱོར་ཚོགས་འདུ་བསྡུས། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་དང་ལིའུ་ཐོ་བཅས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོ་བསྡུ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་པའི་དོན་དངོས་འགུལ་སྐྱོད་ཡིན་ལ། ཧུར་ཐག་སྒོས་འཕེལ་རྒྱས་གཏོང་སྟངས་གསར་བར་ཞུགས་པ་དང་གསར་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་མཉམ་བསྲེས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན་པས། ལངས་གནས་མཐོར་འདེགས་སུ་གཏོང་བ་དང་བྱ་བར་མཐོང་ཆེན་བྱེད་པ། ལྡབ་འགྱུར་སྒོས་གཅེས་སྤྲས་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཚོགས་འདུའི་གྲ་སྒྲིག་དུས་ཡུན་ཐུང་ཞིང་ལས་འགན་ཧ་ཅང་ལྗིད་པས། ས་གནས་སོ་དང་ལས་ཁུངས་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་ཞིང་མཐུན་སྦྱོར་གཞོགས་འདེགས་བྱ་བ་དམ་འཛིན་བྱེད་པ་དང་། གྲོན་ཆུང་དང་བདེ་འཇགས་སྒོས་ཚོགས་འདུ་ལེགས་སྒྲུབ་བྱས་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།