མཱ་ཅི་ཞའོ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོབ་པར་འགན་ལེན་བྱེད་དགོས་པར་བསྟན།
2021.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ4པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མགོ་འཛིན་བྱས་ཏེ་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཁོས་འགན་འཁྲི་ཡིད་ལ་འཆང་བ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བྱེད་པ་བཅས་བྱས་ནས་གཏན་འབེབས་ཀྱི་བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་། རང་འགན་ཡག་པོར་སྒྲུབ་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་གོ་བ་གཏིང་ཟབ་ལེན་པ། དགོངས་དོན་རྟོགས་པར་བྱེད་པའི་ཁྲོད་དུ་བྱ་བ་དངོས་སྒྲུབ་པ་ལ་སྐུལ་འདེད་གཏོང་བ། བྱ་བ་དངོས་སྒྲུབ་པ་བརྒྱུད་དེ་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་བསྟན།

མ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་ཡག་པོར་བཤད་ཤེས་པ་དང་གོང་རིམ་གྱིས་སྣེ་ཁྲིད་དེ་དུས་ཚོད་དང་སློབ་སྦྱོང་གི་གཙོ་གནད། བྱ་བའི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ། ཆེད་དོན་སློབ་སྦྱོང་འབུར་དུ་དོད་པ་དང་མང་ཚོགས་ཀྱི་སྐད་ཆའི་ལམ་ནས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཡག་པོ་བྱེད་པ། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྲོད་ནས་ཕུན་སུམ་ཚོགས་པའི་ཉིང་བཅུད་བསྡུ་ལེན་བྱས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་་བྱེད་དགོས། སློབ་སྦྱོང་དང་སློབ་གསོར་བརྟེན་ནས་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་མང་ཚོགས་ལ་དངོས་དོན་སྒྲུབ་པའི་བྱེད་སྒོ་སྤེལ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དེ་ཉམས་མྱོང་ཕྱོགས་བསྡོམས་དང་དོན་དངོས་ལ་གཞིགས་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཚོགས་པ་མཐུན་སྦྱོར་ཅན་དུ་འགྱུར་བའི་བྱ་བ་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་པ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ལ་མཁོ་བའི་ཞབས་ཞུའི་ཕན་འབྲས་དངོས་སུ་བསྒྱུར་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལ་དུས་ཀྱི་ཉི་ཟེར་འཕྲོ་བར་བྱེད་དགོས། ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་གཙོར་འཛིན་པ་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ནས་་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་ཏུ་སྤེལ་བ། སློབ་སྦྱོང་སློབ་གསོའི་དུས་རིམ་རང་བཞིན་གྱི་བྱ་བ་ཕྱོགས་བསྡོམས་དང་ཕྱོགས་བསྡུས་བྱས་ཏེ། སྡེ་ཚན་ཁག་དང་ཏང་ཀྲི་པུའུ་ཁག་གི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་འཛོམས་པོ། གྲུབ་འབྲས་བཟང་པོ་བཅས་དྲིལ་བསྒྲགས་དང་སྐུལ་སྤེལ་བྱས་ཏེ་མཉམ་དུ་མཐོར་འདེགས་དང་མཉམ་དུ་ཡར་ཐོན་ཡོང་བར་བྱ་དགོས་ཟེར།

མི་ཕམ་མགོན་པོས་བསྒྱུར།