ཞི་ཅིན་ཕིང་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2021.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89


ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་མགོ་ཁྲིད་པའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ། ཁ་ཡིག་ལ་མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་མགོ་ཁྲིད་པའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ། ཁ་ཡིག་ལ་མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་མགོ་ཁྲིད་པའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ། ཁ་ཡིག་ལ་མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་མགོ་ཁྲིད་པའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ། ཁ་ཡིག་ལ་མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ནམ་ཟླའི་འགྱུར་ལྡོག་ནི་མིའི་རིགས་མཉམ་གནས་དང་འཕེལ་རྒྱས་སུ་འགྲོ་བའི་ཐད་ཀྱི་ཛ་དྲག་འགྲན་རྩོད་དུ་གྱུར། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ཕྱོགས་སུ་སྔར་འཕྲད་མྱོང་བའི་དཀའ་ཁག་གི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྤོབས་པ་དང་འགུལ་སྐྱོད་ལ་བརྟེན་ནས། ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཇུས་གཞི་མཉམ་གྲོས་བྱེད་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་ཐབས་ལམ་ལ་འཆར་འགོད་བྱེད་དགོས་ལ། སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་བློ་སེམས་གཅིག་སྒྲིལ་བྱས་ནས། མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས། གཅིག མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གཉིས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། གསུམ།  གོ་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས། བཞི། མི་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ལྔ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། དྲུག ཐུན་མོང་གི་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་དེར་བྱས་རྗེས་འཇོག་མཁན་དང་སྣེ་ཁྲིད་མཁན་ཡིན་པའི་ཆ་ནས། ཀྲུང་གོས་བློ་ཐག་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་པ་དང་། ཧུར་ཐག་སྒོས་འདྲ་མཉམ་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ་བཅུ་བར་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཞེས་པར་ཆིངས་ཡིག་འཇོག་པའི་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བ་བསྡུས་ཏེ། ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་སུ་འགྲོ་བར་རོགས་རམ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་དུང་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་མཉམ་ལས་དེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ནང་དོན་གཙོ་བོར་བཞག་སྟེ་རྒྱུན་མཐུད་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ངེས་ཡིན་ཟེར།

ཚོགས་ཆེན་ལ་ཞུགས་པའི་མགོ་ཁྲིད་པས་བཤད་དོན། ནམ་ཟླའི་འགྱུར་ལྡོག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ཡིན་པས། འཛམ་གླིང་ཡོངས་ཀྱིས་མཉམ་ཤུགས་བཏོན་ནས་ཁ་གཏད་འཇལ་དགོས། མགྱོགས་མྱུར་སྒོས་འགུལ་སྐྱོད་སྤེལ་ཏེ་བཙོག་ཆུ་ཉུང་འདོན་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལག་རྩལ་གསར་སྐྲུན་ལ་ཤུགས་སྣོན་ཞིང་ཤུགས་ཆེན་པོས་དག་གཙང་ནུས་ཁོངས་འཕེལ་རྒྱས་སུ་གཏོང་བ་དང་། སྔར་ལས་མང་པོའི་ལས་ཞུགས་གོ་སྐབས་དང་སྔར་ལས་ཆེ་བའི་འཕར་སྣོན་བར་སྟོང་གསར་སྐྲུན་བྱེད་དགོས་ལ། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ཐུན་མོང་གི་སའི་གོ་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་དང་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་དགོས་ཟེར།

ཏེན་ཞེའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་ཚོགས་ཆེན་ལ་ཞུགས།

                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།