ཝང་ཧུའུ་ཉིང་གིས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་མི་རིགས་ཀྱི་གླུ་གར་གྲགས་ཅན་ཏང་གི་བུ་མོ་ཞེས་པའི་འཁྲབ་སྟོན་ལ་བལྟས།
2021.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 73

ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་མི་རིགས་ཀྱི་གླུ་གར་གྲགས་ཅན་ཏང་གི་བུ་མོ་ཞེས་པའི་འཁྲབ་སྟོན་ལ་བལྟས།


ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཆེད། རྒྱལ་ཁབ་ཟློས་གང་ཁང་ཆེན་མོའི་ནང་དུ་མི་རིགས་ཀྱི་གླུ་གར་གྲགས་ཅན་ཏང་གི་བུ་མོ་ཞེས་པ་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་དུ་ངོ་མཚར་འབུམ་གྱིས་ཕྱུག་པ་དང་བཅས་འཁྲབ་སྟོན་བྱས། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་འཁྲབ་སྟོན་ལ་བལྟས།

ཏང་གི་བུ་མོ་ཞེས་པའི་གླུ་གར་གྲགས་ཅན་དེ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དེང་མའི་སྤྱིའི་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པས་གཅིག་དགུ་གོ་གཅིག་ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད་གསར་རྩོམ་འཁྲབ་སྟོན་བྱས་པ་དང་། དེ་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་ནང་གི་གསར་བརྗེ་ལོ་རྒྱུས་གྲུབ་འབྲས་གལ་ཆེན་མངོན་པར་མཚོན་པ་ཞིག་ཡིན་ལ། རང་རྒྱལ་གྱི་ཆེས་ཤུགས་རྐྱེན་ཆེ་བའི་མི་རིགས་གླུ་གར་སྐད་གྲགས་ཆོད་པ་ཞིག་ཀྱང་ཡིན།

ཏིན་ཞུའེ་ཞང་དང་ཧུང་ཧྲིན་མེན་སོགས་ཀྱིས་འཁྲབ་སྟོན་ལ་བལྟས།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་སའི་ལྟད་མོ་བ་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་མཉམ་དུ་གླུ་གར་གྲགས་ཅན་དེར་བལྟས།

བན་དེ་སྐྱབས་ཀྱིས་བསྒྱུར།