དབྱང་ཧྥིན་ཁྲུན་གྱིས་ཞིང་ཆེན་ཚོང་དོན་ཐིན་ནས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཏང་གི་སློབ་ཁྲིད་བྱས།
2021.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་ཚོང་དོན་ཐིན་དུ་སོང་སྟེ་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཏང་གི་སློབ་ཁྲིད་བྱས།

དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་མཉམ་བསྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དོན་དངོས་འགུལ་སྐྱོད་དུ་སྒྱུར་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་གསར་སྐྲུན་བྱེད་པའི་དོན་སྙིན་གལ་ཆེན་དང་ཁྱད་ཆོས་གཙོ་བོ། ལས་འགན་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། གཏན་གནས་འཚོལ་ཞིང་གནད་འགག་དམ་འཛིན་བྱེད་དགོས་ལ། སྡོད་དམངས་ཀྱི་འཛད་སྤྱོད་སྦས་ཤུགས་ཇེ་ཆེར་གཏོང་བ་དང་གཞི་རིམ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་ཧུར་ཐག་སྒོས་ཕྱི་ཕྱོགས་ཉོ་ཚོང་རྒྱ་བསྐྱེད་པ་དང་། སྟེགས་བུའི་འཛུགས་སྐྲུན་བདག་གཉེར་ལ་ཤུགས་སྣོན་པ་སོགས་ཕྱོགས་སུ་ཤུགས་བསྐྱེད་དགོས་པ་མ་ཟད། ཧུར་ཐག་སྒོས་ཚོང་དོན་བྱ་བ་དེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་དང་མཉམ་བསྲེས་བྱས་ནས་གྲུབ་འབྲས་གསར་བ་མངོན་པར་བྱེད་པ་དང་སྣང་བརྙན་གསར་བ་ཆགས་པར་བྱེད་པ། རྣམ་པ་གསར་བ་གསར་སྐྲུན་བྱས་ནས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞིའི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།