ཞི་ཅིན་ཕིང་ཧྥུའུ་ཅན་ན་ཞེས་པའི་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་བྱས།
2021.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཞི་ཅིན་ཕིང་ཧྥུའུ་ཅན་ན་ཞེས་པའི་དཔེ་ཆ་ཉེ་ལམ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བཀྲམ།

གཅིག་དགུ་གྱ་ལྔ་ལོའི་ཟླ་དྲུག་པ་ནས་ཉིས་སྟོང་གཉིས་ལོའི་ཟླ་བཅུ་པའི་ནང་བར་དུ། བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ནས་དུས་ཡུན་ལོ་ངོ་བཅུ་བདུན་གྱི་རིང་ལ། སྔ་གཞུག་ཏུ་ཞ་མེན་གྲོང་ཁྱེར་དང་ཉིན་ཏི་ས་ཁུལ། ཧྥུའུ་ཀྲིག་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ལས་གནས་སོ་སོའི་སྟེང་དུ་འགོ་ཁྲིད་ཀྱི་འགན་ཁུར།

ཞི་ཅིན་ཕིང་ཧྥུའུ་ཅན་ན་ཞེས་པའི་དངོས་བཅར་དེབ་དེས་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གི་འགན་ཁུར་སྐབས་ཀྱི་བྱ་བའི་ཉམས་མྱོང་མཚོན་པར་བྱས་ཡོད་ལ། དེབ་དེ་ནི་ཁོང་གིས་ཞིང་ཆེན་ཁྱབ་ཁོངས་ནས་འགོ་ཁྲིད་ལས་སྒོ་སྤེལ་བའི་དངོས་བྲིས་ལྟ་བུ་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།