ལིས་ཁི་ཆང་གིས་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2021.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཁྲུང་ཆིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཆེན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ནི། སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ། ལས་ཞུགས་སྔོན་དུ་འགྲོ་བའི་འཐབ་ཇུས་དང་འཇོན་ཐང་མི་སྣའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་འཐབ་ཇུས། གྲོང་གསེབ་དར་སྤེལ་འཐབ་ཇུས་བཅས་ལག་བསྟར་སྣེ་འདོམས་ཡོང་བར་འབད་མཐར། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ།

བན་དེ་སྐྱབས་ཀྱིས་བསྒྱུར།