ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་ཆེད་དོན་བགྲོ་གླེང་བྱས།
2021.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ་དང་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་ཀྱི་ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་བགྲོ་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་གཏམ་བཤད།

ཏུའུ་ཅེ་དང་མཱ་ཧྥིན་ཧྲིན། ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཉིས་ཀྱིས་མཚོ་སྔོན་གྱི་སྙིང་སྟོབས་དང་། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ་དང་ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བའི་དོན་སྙིང་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་བླང་བྱ། གུང་ཁྲན་ཏང་མིའི་སྤྱོད་པ་ཇེ་ལེགས་སུ་གཏོང་བ། གུང་ཁྲན་ཏང་མིའི་འགུལ་སྤྱོད་ལ་ཤུགས་སྣོན་པ། དུས་རབས་གསར་བའི་གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་པ་སོགས་ཀྱི་ཐད་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཐིན་རིམ་པའི་མགོ་ཁྲིད་གཞན་པས་ཡིག་ཐོག་གཏམ་བཤད་རྒྱུ་ཆ་སྤྲད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བརྩི་མཐོང་བྱེད་དགོས་པ་གསུམ་དང་ལག་ཏུ་བསྟར་དགོས་པ་གསུམ་གྱི་བླང་བྱས་ཏང་གི་ངོ་བོ་རང་བཞིན་གྱི་གཞི་རྩ་དང་། ཐོག་མའི་སེམས་འདུན་དང་འགན་འཁྲི། ལས་འགན་ཁག་ཁུར་བཅས་མངོན་པར་བྱས་ཡོད་ལ། ཏང་འཛུགས་ཁྲོད་ཀྱི་ཉམས་མྱོང་གལ་ཆེན་དང་། དམར་བོའི་སྲོལ་རྒྱུན་དང་སྤྱོད་བཟང་མཚོན་པར་བྱས་ཡོད་ཅིང་། གུང་ཁྲན་ཏང་མིའི་འགྱུར་བ་མེད་པའི་ཆོད་སེམས་དང་འཚོལ་སྙེག བླ་མེད་ཀྱི་སྤྱོད་པ་བཅས་མཚོན་ཡོད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་དམངས་དོན་ཏག་ཏིག་སྒོས་སྒྲུབ་པ་དང་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལས་དོན་ལེགས་པར་སྒྲུབ་པ། སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་སོགས་ཕྱོགས་ལྔ་ནས་བྱ་བའི་ཐད་བླང་བྱ་བཏོན། མཚོ་སྔོན་དང་བོད་ལྗོངས་ཀྱི་ཁུལ་ཁོངས་འབྲེལ་ཡོད་ལ་ཁོར་ཡུག་ཆ་འདྲ་བ། རིག་གནས་ཀྱི་འཕེལ་ཕྱོགས་མཚུངས་ཤིང་གཉིས་ཀ་མི་རིགས་སྣ་མང་འདུས་སྡོད་ཀྱི་ས་ཆར་གཏོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱང་འཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས། འགན་འཁྲིའི་ཁག་ཁུར་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམ་དུ་སྦྲེལ་ནས་དམངས་ཀྱི་འཚོ་བ་ཇེ་སྐྱིད་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་གཙོ་གནད་དཀའ་གནད་གཙོ་བོར་སྐུལ་འདེད་བཏང་ནས་གྲོས་མོལ་སྲིད་གླེང་དང་ལྟ་ཚུལ་གཅིག་མཐུན་འབྱུང་བར་འབད་དགོས།

ཀྲང་ཝུན་ཁུའེ་དང་མཱ་ཧེ་དབྱིན། ཝང་ཞུན་བཅས་གྲོས་ཚོགས་ལ་ཞུགས།

མི་ཕམ་མགོན་པོས་བསྒྱུར།