རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཚན་རྩལ་གྲུབ་འབྲས་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།
2021.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 95

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཚན་རྩལ་གྲུབ་འབྲས་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་ཤིང་། ཚན་རྩལ་གྲུབ་འབྲས་ཐད་ནས་གང་ལ་གདེང་འཇོག་བྱེད་པ་དང་སུས་གདེང་འཇོག་བྱེད་པ། ཇི་ལྟར་གདེང་འཇོག་བྱེད་པ། ཇི་ལྟར་བེད་སྤྱོད་བྱེད་པའི་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་དམིགས་ཏེ། བྱ་བར་བཀོད་སྒྲིག་དང་གཏན་འཁེལ་གསལ་བོ་བྱས།

བསམ་འཆར་ལས་ཚན་རྩལ་གྲུབ་འབྲས་ལ་གདེང་འཇོག་བྱེད་སྐབས་སྤུས་ཚད་དང་ཕན་འབྲས། བྱས་རྗེས་བཅས་སྲོག་ཤིང་ཡིན་པའི་གདེང་འཇོག་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚན་ཞིབ་རིམ་སྐྱོད་རང་བཞིན་དང་གྲུབ་འབྲས་དུས་སྐབས་རང་བཞིན་གྱི་ཁྱད་ཆོས་གསལ་བོར་ཤེས་པར་བྱེད་པ་དང་། སྲིད་གཞུང་དང་ཚོང་རས་ཚན་རྩལ་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ཁྲོད་ཀྱི་འཁྲབ་བྱའི་གཏན་གནས་འོས་འཚམ་སྒོས་སོ་སོར་བགར་དགོས་ལ། ཚན་རིག་དང་མཐུན་པར་གདེང་འཇོག་ཚད་གཞི་གཏན་འཁེལ་བྱས་ནས། རིམ་པ་མང་ཞིང་ཁྱད་པར་ཅན་གྱི་གདེང་འཇོག་བྱེད་དགོས་བའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཚན་རྩལ་གྲུབ་འབྲས་ཀྱི་ཚན་རིག་དང་ལག་རྩལ། དཔལ་འབྱོར། སྤྱི་ཚོགས། རིག་གནས་རིན་ཐང་ལ་གདེང་འཇོག་བྱས་ཏེ། ཤུགས་ཆེན་པོས་ཚན་རྩལ་གྲུབ་འབྲས་ཚོང་ར་ཅན་གྱི་གདེང་འཇོག་འཕེལ་རྒྱས་སུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་ཀྱི་ཕྱོགས་གསུམ་པའི་གདེང་འཇོག་ཚད་ལྡན་དུ་འགྲོ་བར་སྣེ་ཁྲིད་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་ཚན་རྩལ་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ཁྲོད་ཀྱི་དཔྱད་རྩོམ་དང་ལས་རིགས་ཐོབ་ཐང་། བསླབ་གནས། བྱ་དགའ་བཅས་ཁོ་ནར་བརྟེན་པའི་གནད་དོན་ཐག་བཅད་ནས། ཚན་རྩལ་གྲུབ་འབྲས་གདེང་འཇོག་གིས་སྐུལ་ལྕག་བྱེད་པ་དང་འགན་འཁྲི་རྩད་མི་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།