རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་གོ་དྲུག་འཕར་སྣོན་བྱུང་བ་ཁྱབ་སྒྲོག་བྱས།
2021.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་དོན།   ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་གོ་དྲུག་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  དེའི་ནང་གི་ཉེར་ལྔ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།   ཡུན་ནན་ནས་ནད་པ་བདུན་དང་ཧྥུའུ་ཅན་ནས་ནད་པ་བཞི། ཅང་སུའུ་ནས་ནད་པ་གསུམ། ཧྲང་ཧེ་ནས་ནད་པ་གཉིས། ཀྲེ་ཅང་ནས་ནད་པ་གཉིས། ཀོང་ཏུང་ནས་ནད་པ་གཉིས། ཐེན་ཅིན་ནས་ནད་པ་གཅིག ཧྲན་ཞི་ནས་ནད་པ་གཅིག ལེའོ་ཉིན་ནས་ནད་པ་གཅིག ཧི་ནན་ནས་ནད་པ་གཅིག སི་ཁྲོན་ནས་ནད་པ་གཅིག་གཅིག་བཅས་བྱུང་། རང་ས་གནས་ཀྱི་ནད་པ་དོན་གཅིག་ཡོད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བཅུ་གསུམ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སྟོང་གཅིག་དང་ཉིས་བརྒྱ་ཞེ་བཞི་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་ནད་པ་གསུམ་གྱིས་ཇེ་ཉུང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བདུན་བརྒྱ་དང་བཅུ་གསུམ་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བདུན་དང་ལྔ་བརྒྱ་ཉེར་དགུ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་དྲུག་དང་བརྒྱད་བརྒྱ་བཅུ་དྲུག་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཉིས་དང་སྟོང་བདུན་བདུན་བརྒྱ་དང་དོན་བརྒྱད་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་གོ་བཞི་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་བཅུ་དགུ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་བཅུ་གཉིས་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་རེ་གསུམ་ཡོད་པ་དང་། ནད་པ་ང་བཞི་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་ལྔ་བདུན་བརྒྱ་དང་ཉེར་གཅིག་ཡོད་པ་དང་ནད་པ་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་ཉེར་དགུ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་བརྒྱ་དང་གོ་གཅིག་རྐྱེན་ལམ་དུ་ཤོར།

                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།