མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།
2021.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བརྒྱད་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད། ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་དང་བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་འདྲེས་མཚམས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས་པའི་གཏན་འབེབས་ཞེས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་བཙན་ས་བསྐྲུན་དགོས་པའི་ལག་བསྟར་ཇུས་གཞི་ཞེས་པར་གྲོས་མོལ་བརྒྱུད་དེ་གྲོས་འཆམ་བྱུང་བ་དེས། མཚོ་སྔོན་གྱི་ལྷད་མེད་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་པ་བཟོས་པ་དང་། ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་ཅི་ཡོད་ལྷག་ལུས་མེད་པར་དངོས་འབེབས་བྱེད་ཀྱིན་ཡོད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། ལག་ལེན་རང་རྟོགས་བཅས་མངོན་པར་བསྟན་པ་ལས་གཞན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཚོ་བོད་མཐོ་སྒང་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་རྒྱས་པར་བྱས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ལ་བརྩིས་ནས། སློབ་སྦྱོང་དམ་པོར་འཛིན་པ་དང་བདེན་གཉེར་དངོས་འབེབས་བྱས་ཏེ། བསམ་བློ་དང་ལག་ལེན་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་འབུངས་དགོས།

ཏུའུ་ཅེ་དང་ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི མཱ་ཧྥུན་ཧྲིན། ལིག་ཏཱ་ཡ་བཅས་ཚོགས་འདུར་ཞུགས། ཚོགས་ཞུགས་མི་སྣས་ཚོགས་འདུའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།