ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་གྲོས་ཚོགས་བསྡུས་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་སྒྲོག་སྤེལ་བྱས།
2021.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་གྱི་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་ཁོངས་མི། མི་རིགས་ཆོས་ལུགས་སྡེ་ཁག་གི་མི་སྣར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་སྒྲོག་སྤེལ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་ཏང་ཕྱིའི་མི་སྣ་བརྒྱད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཐད་གཏམ་བཤད་བྱས་ཏེ་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་བྲིས་ཏེ། མདོ་དབུས་མཐོ་སྒང་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་ཐུན་མོང་གི་བསམ་བློའི་ངོས་འཛིན་གཅིག་ཏུ་བསྡུ་བ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་རྩོམ་པའི་གནད་འགག་དུས་སྐབས་ཀྱི་དར་ཆ་མཐོན་པ་ཞིག་ཡིན། སྤྱོད་ལམ་དངོས་ཀྱི་སྟེང་ནས་འདུ་ཤེས་བཞི་ཇེ་བརྟན་དང་རང་རྟོན་བཞི་ཇེ་དྲག སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དེ་ད་ལྟ་དང་མ་འོངས་པའི་བྱ་བའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས།

                      མི་ཕམ་མགོན་པོས་བསྒྱུར།