མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ཏེ་ལོ་བདུན་ཅུ་འཁོར་བར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2021.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྙན་ལམ་དུ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་འདིར། ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ཡུས་ཧྲུའུ་རུ་སྡོད་པའི་དམག་འཐབ་བཀོད་འདོམས་པ། དྲག་ཆས་དཔོན་དམག་དང་ཁྱབ་ཁོངས་སོ་སོའི་མི་སྣ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་སྙིང་ཉེ་བའི་ངང་ནས་འཚམས་འདྲི་བྱས་པ་ཡིན། ཡུས་ཧྲུའུ་ནི་མཚོ་སྔོན་གྱི་ཐོག་དང་པོ་དང་རྒྱལ་ཡོངས་ཀྱི་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་ཡིན། ལོ་བདུན་ཅུའི་རིང་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་བཞེས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཡོངས་ས་གནས་སོ་སོའི་རྒྱབ་སྐྱོར་རོགས་རམ་འོག་ཏུ། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་པ་དང་འཚོ་བ་སྔར་ལས་ཇེ་སྐྱིད་ཡོང་བར་གདམས་པའི་མངགས་བཅོལ་སྙིང་ལ་བཅངས་ནས། དཀའ་སྤྱད་འབད་འཐབ་དང་བློ་བརྟན་འགྱུར་མེད། ལྷད་མེད་དྲིན་ཤེས། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་བྱས་ཏེ། ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པ་དང་མི་རིགས་མཐུན་སྒྲིལ་མི་སེམས་ཀྱི་གཏིང་དུ་སིམ་པ། སྐྱེ་ཁམས་དཔལ་ཡོན་གྱི་མེ་ཏོག་གང་སར་བཞད་པ། དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། དམངས་ཚིས་ལས་དོན་ལ་ཁྱོན་ཡོངས་ནས་འགན་སྲུང་ཡོད་པར་གྱུར་བ། མཁར་གྲོང་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ། རིགས་སོ་སོའི་མང་ཚོགས་བདེ་སྡོད་ལས་སྐྲུན་དང་ལས་དོན་ཁག་སོ་སོས་གྲུབ་འབྲས་ཆེན་པོ་བླངས་པར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་པར་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ་ལས་དོན་ཡོད་ཚད་ཡར་ངོའི་ཟླ་ལྟར་འཕེལ་གྱིན་ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་རང་བླངས་པའི་གྲུབ་འབྲས་འོད་སྟོང་ལྡན་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བཅས་བྱས་པ་ཡིན་ན། གཞི་ནས་ཡུས་ཧྲུའུ་ཡི་འཕེལ་རྒྱས་ཡར་རྒྱས་མངོན་འགྱུར་བྱེད་ཐུབ་པ་དང་། རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་འཕེལ་རྒྱས་ཡོང་བར་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་ཐུབ་པ་བདེན་དཔང་བྱས་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མུ་མཐུད་དུ་འབད་འཐབ་ལྷོད་མེད་དང་ཡར་རྒྱས་བརྩོན་ལེན། ལས་འགན་ཁག་ཁུར་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།

བན་དེ་སྐྱབས་དང་མི་ཕམ་མགོན་པོས་བསྒྱུར།