ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཐི་ཧྥོ་ལིས་ཁ་སྐུ་གཤེགས་པའི་ཐད་ནས་ཨར་ཅི་རི་ཡའི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས།
2021.09.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཟླ་དགུ་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཐི་ཧྥོ་ལིས་ཁ་སྐུ་གཤེགས་པའི་ཐད་ནས་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པུན་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ལས་བསྟན་དོན། སྐུ་ཞབས་པུའུ་ཐི་ཧྥོ་ལིས་ཁ་ནི་ཨར་ཅི་རི་ཡ་དང་ཨ་རབ་རྒྱལ་ཁབ། ཨ་ཧྥེ་རི་ཁ་བཅས་ཀྱི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་དབུ་ཁྲིད་པ་ཡིན་ལ། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོའི་ཐད་བྱས་རྗེས་ཆེན་པོ་བཞག་མྱོང་། ཁོས་ཙུང་ཐུང་གི་འགན་བཞེས་པའི་རིང་ལ། ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་འབད་འབུངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། ཁོ་སྐུ་གཤེགས་པ་ནི་ཀྲུང་གོ་མི་དམངས་ལ་མཚོན་ནས་བཤད་ན་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཤོར་སོང་བ་རེད། ཀྲུང་གོས་ཀྲུང་གོ་དང་ཨར་ཅི་རི་ཡའི་སྲོལ་རྒྱུན་མཛའ་མཐུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཨར་ཅི་རི་ཡ་སྲིད་གཞུང་དང་མི་དམངས་དང་ལྷན་དུ་འབད་འབུངས་ལྷོད་མེད་བྱས་ཏེ། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱབ་ཁོངས་ཆེ་རུ་བསྐྱེད་དེ། ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་གོང་འཕེལ་འགྲོ་བའི་ཐད་སྐུལ་འདེད་གཏོང་རྒྱུ་ཡིན།

                                                                                                                        བན་དེ་སྐྱབས་ཀྱིས་བསྒྱུར།