ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་པར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པ་དཔར་ནས་བཀྲམ།
2021.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་པར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པ་དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་དངོས་ཡོད་དང་ཟུང་འབྲེལ་སྒོས་བསམ་འཆར་ལག་བསྟར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

བསམ་འཆར་ལས་བསྟན་དོན། མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་ཀྱི་གཞི་རྩའི་མཛུབ་སྟོན་བསམ་བློ་ཡིན་པ་དང་། མར་ཁེ་སི་རིང་ལུགས་སློབ་གླིང་ནི་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བཅས་བྱེད་སའི་གཡུལ་ས་གཙོ་བོ་ཡིན། བསམ་བློ་དང་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་ནི་མར་ཁེ་སི་རིང་ལུགས་སློབ་གླིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་མི་གསོ་སྐྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཡིན།

བསམ་འཆར་ལས་ནན་གྱིས་བསྟན་དོན། ཏང་གིས་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྲུན་ལ་སྣེ་སྟོན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུས་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་པའི་ལས་དོན་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ། དཔྱད་ཞིབ་ལ་ལྟ་སྐུལ་མཛུབ་སྟོན་ནན་མོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་ལས་ཁུངས་ཡོངས་ཀྱི་ཏང་འཛུགས་བྱ་བའི་དཔྱད་ཞིབ་དང་སློབ་སྒྲུབ་སྤུས་ཚད་ལ་དཔྱད་འཇོག་བྱེད་པའི་ནང་དོན་གལ་ཆེན་ནང་ཚུད་པར་བྱས་ནས། མར་ཁེ་སི་རིང་ལུགས་བཙུགས་པ་སྟོབས་དང་ལྡན་ཞིང་འཛུགས་སྐྲུན་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།