འཚོགས་ཡུན་ཉིན་ལྔ་ཡིན་པའི་ཀྲུང་གོ་ཧྲིན་ཀྲིན་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་སྐབས་བཅུ་བདུན་པ་ཧྲིན་ཀྲིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་དངོས་སུ་ཚོགས་མགོ་བརྩམས།
2021.09.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། འཚོགས་ཡུན་ཉིན་ལྔ་ཡིན་པའི་ཀྲུང་གོ་ཧྲིན་ཀྲིན་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་སྐབས་བཅུ་བདུན་པ་ཧྲིན་ཀྲིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་དངོས་སུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཀྲང་ཧོང་ཁུན་མེན་མཚོ་སྔོན་འགྲེམ་ཁུལ་དུ་ཡོང་ནས་ལྟ་ཞིབ་དང་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲའོ་ཡའོ་ཞ་ཡིས་རང་ཞིང་གི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་དེ་མིན་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་གསར་སྐྲུན་བྱས་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ད་ལོ་ནི་རང་ཞིང་ཧྲིན་ཀྲིན་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་ཚོགས་འདུར་ཞུགས་ཐེངས་བཅོ་ལྔ་བ་ཡིན། སྐབས་འདིའི་རིག་གནས་ཐོན་ལས་འགྲེམ་སྟོན་ཚོགས་འདུའི་སྟེང་། མཚོ་སྔོན་འགྲེམ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་གསར་སྐྲུན་བྱེད་པ་བརྗོད་དོན་གཙོ་བོ་བྱས་ཏེ། ཁྱད་ཆོས་དང་སྐྱེ་ཁམས། སྲོལ་རྒྱུན་བཅས་འབུར་དུ་ཐོན་པར་བྱས་པ་དང་། འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས་ལ་སྲོལ་རྒྱུན་གཟུགས་འདས་ཤུལ་བཞག་དང་དེང་རབས་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པ་དང་། རྨ་ཙོང་རིག་གནས་དང་རེབ་གོང་རིག་གནས་སོགས་མཚོ་སྔོན་གྱི་ཤུལ་བཞག་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡིན་ལ། དེ་ལས་མཚོ་སྔོན་གྱི་སྣ་མང་རིག་གནས་མཉམ་འབྲེལ་དང་མཉམ་བསྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཡོད་པར་མ་ཟད། མཚོ་སྔོན་གྱི་རིག་གནས་གནས་སྐོར་ཐོན་ཁུངས་ཀྱི་དམིགས་བསལ་རང་བཞིན་དང་སྣ་མང་རང་བཞིན། སྐྱེ་ཁམས་རང་བཞིན། དེ་མིན་མཚོ་སྔོན་རིག་གནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།